འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཧན་གོ་དང་རི་པིན་གྱིས་འདོད་སྐོང་མའི་གནད་དོན་ཐག་གཅོད་ཀྱི་གྲོས་མོལ་འཕེལ་རིམ་
    མགྱོགས་སུ་གཏོང་རྒྱུའི་གྲོས་ཐག་བཅད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་04ཉིན། 08:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཧན་གོ་དང་རི་པིན་གྱིས་འདོད་སྐོང་མའི་གནད་དོན་ཐག་གཅོད་ཀྱི་གྲོས་མོལ་འཕེལ་རིམ་
མགྱོགས་སུ་གཏོང་རྒྱུའི་གྲོས་ཐག་བཅད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་2ཉིན་ཧན་གོའི་ཙུང་ཐུང་ལས་ཤག་ཆིན་ཝ་ཐའེ་ཡི་འབྲེལ་ཡོད་མི་སྣས། ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧུའེ་དང་རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་གཉིས་ཉིན་དེའི་སྔ་དྲོར་ཆིན་ཝ་ཐའེ་རུ་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་པོས་འདོད་སྐོང་མའི་གནད་དོན་གང་མགྱོགས་ཐག་གཅོད་བྱེད་པའི་གྲོས་མོལ་གྱི་འཕེལ་རིམ་མགྱོགས་སུ་གཏོང་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་བྱུང་ཡོད་ཅེས་བཤད་པ་རེད། འདི་ནི་ཟླ་11ཚེས་2ཉིན། ཧན་གོའི་ཧྲོའར་ཆིན་ཝ་ཐའེ་ཙུང་ཐུང་ལས་ཤག་ཁང་དུ་ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧུའེ་(གཡས)ཡིས་རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་དང་མཇལ་འཛོམས་གནང་བའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།