འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་དུ“ཧྲུའུ་ཅི་དང་པོ”དང་དབུལ་སྐྱོར་ལས་དོན་རུ་ཁག་གིས་གྲོང་ཚོར་
    བཅའ་སྡོད་རོགས་སྐྱོར་བྱེད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་21ཉིན། 11:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུས་ནས་ཤེས་རྟོགས་བྱུང་བར། ཀྲུང་དབྱང་དང་། ཞིང་ཆེན། ཁུལ། རྫོང་བཅས་རིམ་པ་བཞིའི་ཚན་པས་བདམས་གཏོང་བྱས་པའི“ཧྲུའུ་ཅི་དང་པོ”དང་དབུལ་སྐྱོར་(གྲོང་ཚོར་བཅའ་སྡོད)ལས་དོན་རུ་ཁག་གིས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གྲོང་ཚོ་དབུལ་པོ་1266ལ་གཅིག་རྗེས་གཉིས་མཐུད་ངང་བཅའ་སྡོད་བྱས་ཏེ་གྲོང་ཚོར་བཅའ་སྡོད་རོགས་སྐྱོར་ལས་དོན་སྤེལ་བ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་དུ་བསྡོམས་གྲོང་ཚོ་དབུལ་པོ་1622ཡོད་པར་རིགས་དང་པོའི་གྲོང་ཚོ་དབུལ་པོ་970དང་རིགས་གཉིས་པའི་གྲོང་ཚོ་དབུལ་པོ་652ཡོད་པ་དང་། ལས་དོན་རུ་ཁག་རེས་མི་3ནས་5བར་གྱི་བླང་བྱར་གཞིགས་ཏེ་ཆ་སྒྲིག་ཚན་པས་བདམས་གཏོང་བྱས་པའི་ཧྲུའུ་ཅི་དང་པོ་1དང་། ལས་བྱེད་པ་1 ཤང་གྲོང་གིས་བདམས་གཏོང་བྱས་པའི་གྲོང་ཚོ་འགན་ལེན་ལས་བྱེད་པ་1བཅས་གྲོང་ཚོ་རེར་ཉུང་མཐར་ཡང་ལས་བྱེད་པ་3ཡོད་དགོས་པ། བཅའ་སྡོད་དུས་ཡུན་དེ་དབུལ་པོ་དང་ཉམས་ཞན་བཅོས་སྐྱོང་ལས་དོན་མཇུག་འགྲིལ་བའི་བར་ཡིན་པ་དང་ཁག་ཐེངས་མི་རེ་ངོ་རེའི་གྲོང་ཚོར་བཅའ་སྡོད་དུས་ཚོད་ལོ་1ལས་མི་ཉུང་བ་སྡོད་དགོས་ཀྱི་ཡོད། རོགས་སྐྱོར་ལས་འགན་ལེགས་གྲུབ་ཟིན་རིགས་ཀྱིས་རྗེས་མཐུད་བརྟན་གཏོང་དང་གོང་མཐོར་གཏོང་བའི་ལས་དོན་སྒྲུབ་དགོས་པ་དང་ལོ་འཁོར་གྱི་ལས་འགན་ལེགས་གྲུབ་ཐུབ་མེད་རིགས་ཀྱི་རུ་ཁག་ཕྱིར་ལོག་མི་ཆོག་པ་དང་ལས་བྱེད་པ་བརྗེ་ཆོག་གི་མེད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། གཤམ་གཏོང་བྱས་པའི་གྲོང་ཚོར་བཅའ་སྡོད་ལས་བྱེད་པའི་ལས་འགན་གཙོ་བོ་ནི་གྲོང་ཚོ་དབུལ་པོར་གནད་སྨིན་དབུལ་སྐྱོར་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་དུས་བཀག་ལྟར་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་དེ་ཡིན་ཞིང་། གྲོང་ཚོའི་གནས་ཚུལ་ཕྱོགས་ཡོངས་ནས་མཐིལ་རྟོགས་ཞིབ་བཤེར་དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གནས་ཚུལ་ཞིབ་བསྡུར་བྱས་ཏེ་དབུལ་པོར་གྱུར་བའི་རྒྱུ་རྐྱེན་དབྱེ་ཞིབ་བྱེད་པ་དང་རིགས་དབྱེའི་ངང་ཆ་འཕྲིན་ཡིག་ཚགས་དང་ལས་ཀའི་རྩིས་ཁྲ་བཟོས་ནས་དབྱེ་འབྱེད་ཡང་དག་ཐུབ་པ་བྱེད་དགོས་པ་དང་། “ཁག་གཅིག་རེ་བཞིའི”བླང་བྱར་གཞིགས་ཏེ་ཇུས་གཞི་ཡང་དག་བཏོན་ནས་གྲོང་ཚོ་དབུལ་པོར་དབུལ་སྐྱོར་འགག་སྒྲོལ་ཇུས་གཞི་དང་དུད་ཚང་དབུལ་པོའི་དབུལ་སྒྲོལ་འཆར་གཞི་བཟོ་རོགས་བྱེད་པ་དང་ཆེད་དོན་དང་ལས་རིགས་ཀྱི་དབུལ་སྐྱོར་རྣམ་གྲངས་དོན་འཁྱོལ་བྱ་རྒྱུར་སྒྲིག་འཛུགས་བྱས་ཐོག་གྲོང་ཚོ་དབུལ་པོར་རྣམ་གྲངས་ལག་བསྟར་དང་དོ་དམ་ལས་དོན་ཡག་པོ་སྒྲུབ་རྒྱུར་རོགས་རམ་བྱེད་དགོས་པ། “རོགས་སྐྱོར་གཉིས”ཀྱི་བྱེད་སྒོ་སྤེལ་ཏེ་དབུལ་སྐྱོར་རྣམ་གྲངས་དོན་འཁྱོལ་བྱ་རྒྱུར་སྒྲིག་འཛུགས་བྱེད་པ་དང་ཁ་གཏད་རོགས་སྐྱོར་ས་ཁུལ་དང་ཆ་སྒྲིག་ཚན་པ་དང་སྤྱི་ཚོགས་ཕྱོགས་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་བརྩོན་ལེན་བྱས་ཐོག་རྣམ་གྲངས་དང་། སྤྱི་ཚོགས། ལས་རིགས། ཁྲོམ་ར་སོགས་རིགས་ཁག་གི་རོགས་སྐྱོར་མ་དངུལ་གྲབས་གསོག་དང་བསྡུ་སྒྲིལ་བྱས་ནས་ཚན་པའི་ཏང་རྩ་འཛུགས་ཀྱིས་གྲོང་ཚོར་རོགས་རམ་དང་ལས་བྱེད་པས་དུད་ཚང་ལ་རོགས་རམ་བྱེད་པའི་ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ། དུས་མཚུངས་གྲོང་ཚོ་དབུལ་པོར་འཕེལ་རྒྱས་ལམ་བུ་ཡང་དག་འདེམས་རོགས་བྱས་ཏེ་ཞིང་འབྲོག་པའི་མཉམ་ལས་ཁང་སྐྱེད་སྲིང་བྱས་ཐོག་གྲོང་ཚོའི་མཉམ་སྡེབ་ཡོང་འབབ་མང་དུ་གཏོང་བ་དང“རང་འཕེལ”ནུས་པ་ཆེ་རུ་གཏོང་དགོས་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།