འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།སུན་ཁྲུན་ལན་གྱིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཡན་ལག་ཚོགས་པའི་སྣེ་ཁྲིད་དེ་
    ལྷོ་ཁ་ས་ཁུལ་ལ་འཚམས་འདྲི་གནང་བར་ཕེབས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་14ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    སྣེ་གདོང་རྫོང་ཁྲ་འབྲུག་གྲོང་རྡལ་ཁེ་གསུམ་གྲོང་མིའི་ཨུ་ལྷན་གྱི་གྲོང་མི་ཟླ་བ་ཚང་ལ་ཕེབས་ཏེ་མཛའ་བརྩེའི་གླེང་མོལ་གནང་བ།
    སྣེ་གདོང་རྫོང་ཁྲ་འབྲུག་གྲོང་རྡལ་ཁེ་གསུམ་གྲོང་མིའི་ཨུ་ལྷན་གྱི་གྲོང་མི་ཟླ་བ་ཚང་ལ་ཕེབས་ཏེ་མཛའ་བརྩེའི་གླེང་མོལ་གནང་བ།
          མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་9ཉིན་ནས་ཚེས་10ཉིན་བར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་བཅས་ཡིན་པའི་སུན་ཁྲུན་ལན་གྱིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཡན་ལག་ཚོགས་པའི་སྣེ་ཁྲིད་དེ་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཛའ་བརྩེ་ལྡན་པའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་བརྩེ་དུང་ཟབ་མོ་བསྣམས་ནས་ལྷོ་ཁ་ས་ཁུལ་དུ་ཕེབས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཕྱག་བྲིས་གནང་བའི་“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས། མཛེས་སྡུག་ལྡན་པའི་བོད་ལྗོངས་ཤིག་འཛུགས་སྐྲུན་བྱེད་དགོས་”ཞེས་པའི་སྒོ་བན་གནང་བ་དང་། ལྷོ་ཁ་ས་ཁུལ་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་ཡང་གནང་བ་རེད།
    ལྷོ་ཁ་ས་ཁུལ་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་ཕྱག་བྲིས་བསྟར་མའི་སྒོ་བན་གནང་བ།
    ལྷོ་ཁ་ས་ཁུལ་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་ཕྱག་བྲིས་བསྟར་མའི་སྒོ་བན་གནང་བ།
    ཁྲ་འབྲུག་དགོན་དུ་འཚམས་འདྲི་གནང་བར་ཕེབས་སྐབས་དགོན་པར་བཅའ་སྡོད་ལས་བྱེད་དང་དགོན་པའི་དགེ་འདུན་ཚོས་དགའ་བསུ་ཞུ་བ།
    ཁྲ་འབྲུག་དགོན་དུ་འཚམས་འདྲི་གནང་བར་ཕེབས་སྐབས་དགོན་པར་བཅའ་སྡོད་ལས་བྱེད་དང་དགོན་པའི་དགེ་འདུན་ཚོས་དགའ་བསུ་ཞུ་བ།
      

    ཕྱོགས་བསྡུས་གསར་འགྱུར།