འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་ཞིང་ཆེན་གྱིས་གསའ་ཡི་གནས་ཚུལ་བརྟག་དཔྱད་ཐོག་མ་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་10ཉིན། 14:09】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།སི་ཁྲོན་ཞིང་ཆེན་གྱིས་གསའ་ཡི་གནས་ཚུལ་བརྟག་དཔྱད་ཐོག་མ་བྱས་པ།
         མི་དམངས་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་གྱིས་དར་རྩེ་མདོ་དང་། བྲག་མགོ སེར་ཤུལ། དཀར་མཛེས། འབའ་ཐང་། སྡེ་དགེ ཉག་ཆུ་ཁ་བཅས་རྫོང(གྲོང་ཁྱེར)་7དང་རང་བྱུང་སྲུང་སྐྱོང་ཁུལ་9རུ་གསའ་ཡི་གནས་ཚུལ་ལོ་རྒྱུས་སྟེང་གི་བརྟག་དཔྱད་ཐོག་མ་བྱས་པ་རེད། བརྟག་དཔྱད་ཚོགས་ཆུང་གིས་སྤྱི་ལེ་3000ལྷག་གི་ལམ་ཐག་བརྒྱུད་ནས་གསའ་ཡི་གཅིན་སྟུག་དང་། རྐང་རྗེས། ས་དུང་སོགས་43བཏོན་ནས་རྫོང(གྲོང་ཁྱེར)་7ཚང་མར་གསའ་ཡོད་པ་གཏན་ཁེལ་བྱས་པ་རེད།
         གསའ་ནི་ཁེར་སྡོད་བྱེད་པའི་རི་སྐྱེས་སྲོག་ཆགས་ཤིག་ཡིན་ཞིང་། ལོ་ཧྲིལ་པོར་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་2700ནས་སྨི་6000ཡོད་སའི་གངས་ཐིག་གི་ཉེ་འགྲམ་དུ་འཚོ་སྡོད་བྱེད་ཀྱི་ཡོད། ཉེ་ཆར་གསར་འགོད་པ་བརྟག་དཔྱད་ཚོགས་ཆུང་དུ་ཕྱིན་ཏེ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4000ཡོད་པའི་གངས་ཐིག་སྟེང་འཚོལ་ཞིབ་བྱེད་པར་ཞུགས་པ་རེད།
    ༄༅།།སི་ཁྲོན་ཞིང་ཆེན་གྱིས་གསའ་ཡི་གནས་ཚུལ་བརྟག་དཔྱད་ཐོག་མ་བྱས་པ།
    ༄༅།།སི་ཁྲོན་ཞིང་ཆེན་གྱིས་གསའ་ཡི་གནས་ཚུལ་བརྟག་དཔྱད་ཐོག་མ་བྱས་པ།
    ༄༅།།སི་ཁྲོན་ཞིང་ཆེན་གྱིས་གསའ་ཡི་གནས་ཚུལ་བརྟག་དཔྱད་ཐོག་མ་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།