འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིང་ལས་པུས་སྟོན་དུས་ཀྱི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་གི་གཅིག་སྡུད་ལས་དོན་
    སྤེལ་འགོ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་14ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཞིང་ལས་པུའུ་ནས་ཤེས་རྟོགས་བྱུང་བར་སྟོན་དུས་ཀྱི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་གི་གཅིག་སྡུད་ལས་དོན་ཟླ་9ཚེས་1ཉིན་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་ཤིང་། ཞིང་ལས་པུས་ས་ཆ་ཁག་གིས་དུས་བབ་ཁོང་དུ་ཏན་ཏིག་ཆུད་པ་དང་བྱེད་ཐབས་དོན་འཁྱོལ་ལ་དམ་འཛིན་བྱས་ཐོག་སྟོན་དུས་དང་དགུན་དུས་ཀྱི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཏན་ཏིག་ངང་སྤེལ་དགོས་པའི་བླང་བྱ་བཏོན་པ་རེད།
         ཞིང་ལས་པུའུ་ཡི་པུའུ་ཀྲང་གཞོན་པ་ཡུས་ཁང་ཀྲེན་གྱིས་འདི་ལོ་ནས་བཟུང་ཞིང་ལས་པུའུ་དང་རིམ་ཁག་ཕྱུགས་རིགས་སྨན་པའི་སྡེ་ཚན་གྱིས“འགན་ལེན་ཧུར་ཐག་བྱེད་པ་གཉིས”ཀྱི་སྤྱིའི་སྔོན་འགོག་ཚོད་འཛིན་གྱི་དམིགས་ཚད་ལ་དམ་པོར་དམིགས་ནས་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་རྒྱལ་ཁབ་ཕྱི་ནང་གི་སྲོག་ཆགས་ཀྱི་རིམས་ནད་དུས་བབ་རྙོག་འཛིང་ཆེ་ལ་ཛ་དྲག་ཆེ་བ་དང་རང་བྱུང་གནོད་འཚེ་སྣ་ཚོགས་ཐོན་མང་བའི་གནས་ཚུལ་འོག་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་བྱེད་པའི་ལས་ཀར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ནས་རྒྱལ་ཡོངས་ཀྱི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་གི་ལས་དོན་རྒྱུན་མཐུད་ངང་བརྟན་པོ་བྱུང་ཡོད་ཅེས་བཤད་པ་རེད།
         ཞིང་ལས་པུས་ས་ཆ་ཁག་གིས་རྨང་གཞིའི་རིམས་ནད་སྔོན་འགོག་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱས་ཏེ་ཞིབ་བཤེར་ལ་སྐུལ་ལྕག་གཏོང་ཤུགས་ཆེ་རུ་གཏོང་བ་དང་། རིམས་འགོག་ཕན་འབྲས་དང་སྤུས་ཚད་འགན་ལེན་བྱས་ཐོག་ཟླ་10པའི་ཟླ་མཇུག་ཏུ་ལས་དོན་ལེགས་གྲུབ་ཐུབ་པའི་བརྩོན་ལེན་བྱེད་དགོས་པ་དང་། རྒྱལ་ཁབ་ལྟ་ཞིབ་ཚད་འཇལ་འཆར་འགོད་ཀྱི་བླང་བྱར་ནན་པོ་གཞིགས་ཏེ་ཁ་ཚ་རྨིག་ཚའི་རིམས་ནད་དང་། བྱ་རིགས་ཆམ་རིམས། པི་ལུའུ་ཧྲི་ནད་སོགས་སྔོན་ལ་འགོག་བཅོས་བྱ་དགོས་པའི་རིགས་ལ་ལྟ་ཞིབ་ཚད་འཇལ་དང་ཉེན་ཟོན་ཏན་ཏིག་བྱེད་དགོས་པ། ཁྲིམས་སྐྱོང་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་ཏན་ཏིག་བཏང་ནས་ཕྱུགས་སྨན་གྱི་འཕྲོད་བསྟེན་ལྟ་སྐུལ་ཁྲིམས་སྐྱོང་ཚད་ལྡན་དུ་གཏོང་བ་དང་། ཕྱུགས་རིགས་དང་བྱ་རིགས་གསོན་པོར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ཐོག་ཕྱུགས་སྨན་གྱི་འཕྲོད་བསྟེན་ལྟ་སྐུལ་དོ་དམ་ཆ་འཕྲིན་ཅན་གྱི་ཆུ་ཚད་མགྱོགས་མྱུར་ངང་མཐོ་རུ་གཏོང་དགོས་པ། དེ་དང་དུས་མཚུངས་པི་ལུའུ་ཧྲི་ནད་དང་། ཐུམ་འབུའི་ནད། ཁྲག་འཇིབ་ནད་འབུ་སོགས་མི་ཕྱུགས་གཉིས་ཀར་ཕོག་སྲིད་པའི་རིམས་ནད་གཙོ་བོ་སྔོན་འགོག་ཚོད་འཛིན་བྱེད་པ་དང་དུས་མཚུངས་ཕག་པར་འཁྲུ་ནད་ཕོག་པ་སོགས་རྒྱུན་མཐོང་ནད་སྔོན་འགོག་ཚོད་འཛིན་ལ་སྤྱི་འདོམས་ཡག་པོ་བྱེད་དགོས་པ་མ་ཟད། ད་དུང་མཐའ་མཚམས་ས་ཁུལ་གྱི་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་དོ་དམ་ལམ་སྲོལ་གསར་གཏོད་དང་སྲོག་ཆགས་ཀྱི་རིམས་ནད་ཀྱི་ས་ཁོངས་ཅན་གྱི་དོ་དམ་བྱེད་སྟངས་འཚོལ་ཞིབ་བྱས་ཐོག་ས་མཚམས་ཕྱི་རོལ་ནས་ནད་རྟགས་ཁྱབ་པའི་ཉེན་ཁ་ནུས་ལྡན་ངང་ཆུང་དུ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།