འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཡུལ་ཤུལ་གྱི་བོད་རིགས་མང་ཚོགས་ཚོས་དགའ་སྤྲོའི་ངང་སྲོལ་རྒྱུན་གྱི་ཆབ་ཞུགས་
    དུས་ཆེན་བསུས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་10ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།མཚོ་སྔོན་ཡུལ་ཤུལ་གྱི་བོད་རིགས་མང་ཚོགས་ཚོས་དགའ་སྤྲོའི་ངང་སྲོལ་རྒྱུན་གྱི་ཆབ་ཞུགས་
དུས་ཆེན་བསུས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་9ཉིན(བོད་ལུགས་ཀྱི་ཟླ་8ཚེས་27ཉིན)མཚོ་སྔོན་ཡུལ་ཤུལ་གྱི་བོད་རིགས་མང་ཚོགས་ཚོས་ལོ་རེར་ཐེངས་རེ་རོལ་བའི་སྲོལ་རྒྱུན་གྱི་ཆབ་ཞུགས་དུས་ཆེན་བསུས་པ་རེད། ཉིན་དེའི་ཕྱི་དྲོར་ས་གནས་དེ་གའི་མང་ཚོགས་ཚོས་ཡུལ་ཤུལ་འབའ་ཆུའི་འགྲམ་དུ་ཆབ་ཞུགས་དང་། གོས་བཀྲུ་བ།  ཆུ་གཤོ་བ། ཆུའི་ཕ་རོལ་དུ་མཆོང་བ་སོགས་བྱས་ནས་ནད་རིགས་སྣ་ཚོགས་སེལ་བ་དང་བཀྲ་ཤིས་པའི་ལམ་འགྲོ་ཡོང་བར་རེ་སྨོན་བྱེད་བཞིན་ཡོད། 
         “ཆབ་ཞུགས་དུས་ཆེན”ནི་བོད་མི་རིགས་ཀྱི་ལོ་རེར་ཐེངས་རེ་རོལ་བའི་སྲོལ་རྒྱུན་གྱི་དུས་ཆེན་ཞིག་ཡིན་ལ། “སྐར་མ་རི་ཥི་”ཡང་ཟེར།  ལོ་རེའི་བོད་ལུགས་ཀྱི་ཟླ་བདུན་པར་སླེབས་པ་དང་སྐར་མ་རི་ཥི་ཤར་བར་ཆབ་ཞུགས་དུས་ཆེན་འགོ་བརྩམས་པའི་ཉིན་མོར་སླེབས་ཤིང་། ཉིན་བདུན་གྱི་རིང་བོད་རིགས་མང་ཚོགས་ཚོ་ཉེ་འགྲམ་གྱི་ཆུ་གཞུང་དང་མཚེའུ།  མཐོངས་ཡངས་ཆུ་རྐྱལ་རྫིང་བུ་སོགས་སུ་སོང་ནས་ཁྲུས་རྒྱག་གི་ཡོད་པ་རེད། ཤེས་རྟོགས་བྱུང་བ་ལྟར་ན། གནའ་བོའི་ཡུལ་སྲོལ་གོམས་གཤིས་འདི་ནི་ལོ་ངོ་800ལྷག་གི་རིང་དུ་མ་ཉམས་པར་གནས་པ་རེད།
    【1】  【2】  【3】  【4】  【5】  【6】  【7】
    ༄༅།།མཚོ་སྔོན་ཡུལ་ཤུལ་གྱི་བོད་རིགས་མང་ཚོགས་ཚོས་དགའ་སྤྲོའི་ངང་སྲོལ་རྒྱུན་གྱི་ཆབ་ཞུགས་
དུས་ཆེན་བསུས་པ།
      

    ཕྱོགས་བསྡུས་གསར་འགྱུར།