འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཐའེ་དབན་གྱི་ལས་རིགས་ཁག་གི་མི་སྣ་རི་འགོག་དམག་འཁྲུག་གི་དྲན་གསོའི་བྱེད་སྒོར་
    གདན་འདྲེན་ཞུས་པའི་སྐོར་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་གཞུང་དོན་
    ཁང་གི་མགྲིན་ཚབ་པས་གཏམ་བཤད་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་14ཉིན། 13:20】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་གཞུང་དོན་ཁང་གི་མགྲིན་ཚབ་པ་མཱ་ཞའོ་ཀོང་གིས་ཚེས་4ཉིན་ཐའེ་དབན་གྱི་ལས་རིགས་ཁག་གི་མི་སྣ་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བའི་དྲན་གསོ་བྱེད་སྒོར་གདན་འདྲེན་ཞུས་པ་དེ་ནི་ངོགས་གཉིས་ཀྱི་སྤུན་ཟླ་ཚོས་མི་རིགས་ཡོངས་ཀྱི་ཁེ་ཕན་གྱི་མཐོ་ཚད་ཐོག་ནས་ལོ་རྒྱུས་བསླབ་བྱ་བློ་ལ་ངེས་པ་བྱས་ནས་རི་འགོག་དམག་འཁྲུག་གི་སྙིང་སྟོབས་དར་སྤེལ་གཏོང་བའི་ཐད་དང་། མིག་སྔའི་ངོགས་གཉིས་ཀྱི་འབྲེལ་བའི་དུས་བབ་འོག་ཕན་ཚུན་འབྲེལ་འདྲིས་ལ་ཤུགས་སྣོན་བརྒྱབ་ནས“དགུ་གཉིས་ལོའི་ཐུན་མོང་ངོས་འཛིན”མུ་མཐུད་མཐའ་འཁྱོངས་དང་། “ཐའེ་དབན་རང་བཙན”ལ་ངོ་རྒོལ་བྱེད་པའི་ཐུན་མོང་གི་ཆབ་སྲིད་རྨང་གཞིའི་ཐོག་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཐད་ཕན་པ་ཡོད་པ་ཞིག་རེད་ཅེས་བཤད་པ་རེད།
         ཁོང་གིས་ང་ཚོས་ཤེས་གསལ་ལྟར་ངོགས་གཉིས་ཀྱི་སྤུན་ཟླ་ཚོས་རི་འགོག་དམག་འཁྲུག་གི་ལོ་རྒྱུས་ལ་གདེང་འཇོག་བྱེད་པ་སོགས་ཀྱི་ཐད་ལྟ་ཚུལ་མི་མཐུན་ས་ཡོད་མོད། འོན་ཀྱང་དེས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་འགྲོ་བའི་འཕེལ་རིམ་དང་རྣམ་པར་ཤུགས་རྐྱེན་ངན་པ་ཐེབས་སུ་འཇུག་མི་རུང་། མི་མཐུན་ས་དེ་དག་ལ་དམིགས་ནས་ངོགས་གཉིས་ཀྱི་མཁས་དབང་ཚོས“ལོ་རྒྱུས་དཔྱད་གཞིར་མཉམ་ལྟ་དང་ལོ་རྒྱུས་དེབ་ཐེར་མཉམ་རྩོམ”བྱེད་པར་བརྟེན་ནས་སྤེལ་རེས་བགྲོ་གླེང་བྱེད་པའི་ཐད་ཤུགས་སྣོན་གྱིས་མཐུན་པ་ཡོང་ཐབས་དང་། མི་མཐུན་པ་སོར་འཇོག མཐུན་པ་གཅིག་བསྡུ། མི་མཐུན་པ་མཐུན་འགྱུར་བཅས་བྱས་ནས་ལྟ་ཚུལ་མི་མཐུན་པ་དག་རིམ་བཞིན་མཐུན་པ་བྱེད་དགོས་ཞེས་བཤད་པ་རེད།
         མཱ་ཞའོ་ཀོང་གིས་ལོ་བདུན་ཅུའི་གོང་དུ་ཀྲུང་ཧྭ་མི་དམངས་ཀྱིས་ཏང་ཤོག་གི་དབྱེ་བ་མེད་པར་ཀུན་སེམས་གཅིག་འགྲིལ་གྱིས་ཕྱི་རྒྱལ་གྱི་བཙན་འཛུལ་ལ་མཉམ་དུ་འགོག་རྒོལ་བྱས་ནས་མི་རིགས་ཡོངས་ཀྱིས་རི་འགོག་དམག་འཁྲུག་རྒྱག་པའི་རྔམ་ཞིང་བརྗིད་པའི་ལེའུ་ཞིག་བརྩམས་ཡོད། ལོ་བདུན་ཅུའི་རྗེས་ཀྱི་ད་ཆ་ངོགས་གཉིས་ཀྱི་སྤུན་ཟླ་ཚོས་ཕྱོགས་ལྷུང་དང་མི་མཐུན་ས་ཡོད་ཚད་ཁྱད་དུ་བསད་ཐོག་མི་རིགས་བསྐྱར་དར་ཡོང་རྒྱུའི་སྤྱི་ཡོངས་དང་འབྱུང་འགྱུར་ལ་དམིགས་ནས་སེམས་མཐུན་སྟོབས་སྒྲིལ་བྱས་ནས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་སྐུལ་འདེད་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་ཆེད་མཉམ་དུ་འབད་འཐབ་བྱེད་རྒྱུར་སྔར་བས་ཡིད་ཆེས་ཡོད། འདི་ནི་ངོགས་གཉིས་ཀྱི་འགན་འཁྲི་འཁུར་བའི་སྲིད་ཏང་དང་ཆབ་སྲིད་མི་སྣ་ཚང་མས་འཁུར་འོས་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཞིག་ཀྱང་རེད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།