འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་སྐུ་ཚབ་ཚོགས་པའི་མངའ་རིས་ཡན་ལག་སྐུ་ཚབ་ཚོགས་པས་མངའ་རིས་ཀྱི་
    མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་14ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    མངའ་རིས་ས་ཁུལ་གྱི་དགུན་ས་གནམ་གྲུ་འབབ་ཐང་དུ་འབྱོར་དུས་མང་ཚོགས་ཀྱིས་དགའ་བསུ་ཞུ་བ།
    མངའ་རིས་ས་ཁུལ་གྱི་དགུན་ས་གནམ་གྲུ་འབབ་ཐང་དུ་འབྱོར་དུས་མང་ཚོགས་ཀྱིས་དགའ་བསུ་ཞུ་བ།
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་9ཉིན་ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཨུ་ཡོན་དང་། སྤྱི་ཁྱབ་ཆབ་སྲིད་པུའི་ཀྲུའུ་རེན། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་བཅས་ཡིན་པའི་ཀྲང་ཡང་གིས་མངའ་རིས་ཡན་ལག་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་གནམ་གྲུར་བསྡད་དེ་མངའ་རིས་ས་ཁུལ་དུ་ཕེབས་ཏེ་ས་གནས་དེ་གའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་གཟིགས་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཕྱག་བྲིས་གནང་བའི"མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས། མཛེས་སྡུག་ལྡན་པའི་བོད་ལྗོངས་ཤིག་འཛུགས་སྐྲུན་བྱེད་དགོས"ཞེས་པ་དཔར་ཡོད་པའི་སྒོ་བན་ཡང་གནང་ཞིང་། ས་གནས་དེ་གའི་མི་རིགས་ཁག་གི་ལས་བྱེད་པ་རྣམས་ལ་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་པར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
    མངའ་རིས་ས་ཁུལ་སྒར་རྫོང་གི་སྐྱེ་ཁམས་ཞིང་ལས་ཐོན་ལས་གླིང་དུ་གཟིགས་ཞིབ་གནང་བ།
    མངའ་རིས་ས་ཁུལ་སྒར་རྫོང་གི་སྐྱེ་ཁམས་ཞིང་ལས་ཐོན་ལས་གླིང་དུ་གཟིགས་ཞིབ་གནང་བ།
    སྒར་རྫོང་རྒྱ་སྨུག་གྲོང་ཚོར་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་དང་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་སྤེལ་བའི་གནས་ཚུལ་ལ་གཟིགས་ཞིབ་གནང་བ།
    སྒར་རྫོང་རྒྱ་སྨུག་གྲོང་ཚོར་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་དང་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་སྤེལ་བའི་གནས་ཚུལ་ལ་གཟིགས་ཞིབ་གནང་བ།
      

    ཕྱོགས་བསྡུས་གསར་འགྱུར།