འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།སློབ་གསོ་པུས་སློབ་གྲྭའི་ཉེན་ཡོད་རྫས་འགྱུར་དངོས་རྫས་དང་འབར་གས་སླ་བའི་དངོས་
    རྫས་ལ་གཙོ་གནད་དུ་ཞིབ་བཤེར་བྱེད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་14ཉིན། 13:17】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སློབ་གསོ་པུའི་དྲ་ཚིགས་ཐོག་ཚེས་1ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་9ཚེས་1ཉིན་གོང་ཞིང་ཆེན་རིམ་པའི་སློབ་གསོའི་སྡེ་ཚན་གྱིས་གྲོང་ཁྱེར་དང་རྫོང་དང་དེའི་ཁོངས་གཏོགས་སློབ་གྲྭ་སྒྲིག་འཛུགས་བྱས་ཏེ་གཅིག་གྱུར་ཐོག་རང་བཤེར་དང་སློབ་འགོ་ཚུགས་པའི་ཆ་རྐྱེན་ཁག་འགན་ལེན་བྱས་ཚུལ་ལ་ཁྱོན་ཡོངས་ནས་གྲལ་བཤེར་བྱས་ཐོག སློབ་གྲྭའི་ཉེན་ཡོད་རྫས་འགྱུར་དངོས་རྫས་དང་འབར་གས་སླ་བའི་དངོས་རྫས་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་པ་དང་། སློབ་གྲྭ་དང་དེའི་མཐའ་འཁོར་གྱི་བདེ་འཇགས་མཐིལ་རྟོགས་གྲལ་བཤེར་བྱས་ཏེ་གནད་དོན་གྱི་གསལ་ཐོ་བཀོད་པ་དང་དུས་ཐོག་ཏུ་ཐག་གཅོད་བྱས་པ་རེད།
         ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་ཨུ་ལྷན་གཞུང་དོན་ཁང་གིས《2015ལོའི་སྟོན་དུས་སློབ་འགོ་ཚུགས་པའི་ལས་དོན་དང“སློབ་གྲྭའི་བདེ་འཇགས་སྲུང་བའི”བྱ་སྤྱོད་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ནས་རྒྱལ་ཡོངས་སུ་སྟོན་དུས་སློབ་འགོ་ཚུགས་པའི་ལས་ཀར་ལྟ་སྐུལ་མཛུབ་ཁྲིད་བྱས་པ་རེད། བརྡ་ཐོའི་ནང་ས་ཆ་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་གྲྭ་ཁག་གིས་རང་བཤེར་དང་། ས་གནས་སློབ་གསོ་སྲིད་འཛིན་དང་ལྟ་སྐུལ་མཛུབ་ཁྲིད་སྡེ་ཚན་གྱིས་ཁྱོན་ཡོངས་ནས་གྲལ་བཤེར། ཞིང་ཆེན་རིམ་པའི་སློབ་གསོ་དང་སྤྱི་བདེ་སྡེ་ཚན་ཁ་ཤས་ལས་གྲུབ་པའི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཙུགས་ནས་ལྟ་སྐུལ་མཛུབ་ཁྲིད་བྱེད་རེས་བཅས་ཀྱི་བྱེད་སྟངས་སྤྱད་དེ་སྟོན་དུས་སློབ་འགོ་ཚུགས་པའི་ལྟ་སྐུལ་མཛུབ་ཁྲིད་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ལྟ་སྐུལ་མཛུབ་ཁྲིད་ལས་དོན་དེ་ས་ཁུལ་དང་རིམ་ཁག་སློབ་གྲྭ་ཁག་ལ་ཁྱབ་ཡོད་པ་དང་། བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་ཆེ་མོ་དང་། “ཁྲིམས་འགལ་ལ་རྡུང་རྡེག་དང་སྒྲིག་འགལ་བཅོས་སྒྲིག”བྱེད་པའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད། ཉེན་ཡོད་རྫས་འགྱུར་དངོས་རྫས་དང་འབར་གས་སླ་བའི་དངོས་རྫས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་རང་བཤེར་རང་བཅོས་བྱེད་ཚུལ་ལ་གཙོ་གནད་དུ་ལྟ་སྐུལ་མཛུབ་ཁྲིད་བྱེད་པ་དང་སློབ་གྲྭའི་སློབ་འགོ་ཚུགས་པའི་ཆ་རྐྱེན་འགན་ལེན་བྱེད་ཚུལ་དང་། “སློབ་གྲྭའི་བདེ་འཇགས་སྲུང་བའི”བྱ་སྤྱོད་དོན་འཁྱོལ་བྱེད་ཚུལ། སློབ་གྲྭའི་བདེ་འཇགས་དང་སློབ་འཁོར་གྱི་བདེ་འཇགས་དོ་དམ་སོགས་བྱེད་ཚུལ། སློབ་གཉེར་བྱ་སྤྱོད་ཚད་ལྡན་དུ་གཏོང་ཚུལ། དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱེད་ཚུལ། འཚོ་བཅུད་ལེགས་གཏོང་འཆར་འགོད་དོན་འཁྱོལ་བྱེད་ཚུལ། སློབ་གསོའི་ཆ་འཕྲིན་ཅན་སྤེལ་ཚུལ། སློབ་གྲྭའི་རིག་གནས་འཛུགས་སྐྱོང་བྱེད་ཚུལ། སློབ་གྲྭ་འབྲིང་ཆུང་གི་བྱང་ཚད་སློབ་གསོ་སྤེལ་ཚུལ་བཅས་དང་དེ་བཞིན་ས་གནས་སྲིད་གཞུང་གི་འགན་འཁྲི་སྒྲུབ་ཚུལ་སོགས་ལ་གཙོ་གནད་ཐོག་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ་རེད།
         ཟླ་9ཚེས་1ཉིན་ནས་ཚེས་18ཉིན་བར་སློབ་གསོ་པུའུ་ཡིས་གཙོ་གནད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་8བཙུགས་ནས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)16ཏུ་བསྐྱོད་ནས་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུ་དང་ཞིང་ཆེན་གཞན་དག་གི་སློབ་གསོ་དང་སྤྱི་བདེ་སྡེ་ཚན་གྱིས་མཉམ་འབྲེལ་བྱས་ནས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་16སྒྲིག་འཛུགས་བྱས་ཏེ་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་ཏུ་ལྟ་སྐུལ་མཛུབ་ཁྲིད་བྱེད་རེས་བྱ་རྒྱུ་དང་། ལྟ་སྐུལ་མཛུབ་ཁྲིད་ནང་སྤྱིར་བཏང་མཐོ་སློབ་དང་། མཐོ་རིམ་སློབ་འབྲིང་། དམའ་རིམ་སློབ་འབྲིང་། སློབ་ཆུང་། བུ་བཅོལ་ཁང་སོགས་སློབ་རིམ་མི་འདྲ་བའི་སློབ་གྲྭ་ཚུད་པ་དེའི་ནང་གྲོང་གསེབ་སློབ་གྲྭ(སློབ་ཁྲིད་ས་ཚིགས་ཚུད་པ)50%ལས་མི་ཉུང་བ་བྱ་རྒྱུ་རེད།
         ད་ཐེངས་ཀྱི་ལྟ་སྐུལ་མཛུབ་ཁྲིད་མཇུག་འགྲིལ་རྗེས་རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་ཨུ་ལྷན་གཞུང་དོན་ཁང་གིས《སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་སྲོལ་ཡིག》གཏན་འབེབས་གཞིར་བཟུང་། སྤྱི་ཚོགས་ལ་ལྟ་སྐུལ་མཛུབ་ཁྲིད་སྙན་ཞུ་ཡོངས་བསྒྲགས་བྱ་རྒྱུ་དང་འབྲེལ་ལྟ་སྐུལ་མཛུབ་ཁྲིད་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་ཡོད་པ་སློབ་གྲྭ་བརྡ་ཁྱབ་གཏོང་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།