འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ནག་ཆུའི་ཡན་ལག་སྐུ་ཚབ་ཚོགས་པས་ནག་ཆུའི་མི་རིགས་
    ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་14ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ནག་ཆུ་གཉའ་རོང་རྫོང་སེ་ཆེན་ཤང་ཕ་གཡུ་གྲོང་ཚོའི་ཞིང་འབྲོག་མང་ཚོགས་ལ་འཚམས་གཟིགས་གནང་བ།
    ནག་ཆུ་གཉའ་རོང་རྫོང་སེ་ཆེན་ཤང་ཕ་གཡུ་གྲོང་ཚོའི་ཞིང་འབྲོག་མང་ཚོགས་ལ་འཚམས་གཟིགས་གནང་བ།
         ཟླ་9ཚེས་9ཉིན་ནས་ཚེས་10ཉིན་བར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པའམ་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་བྱམས་པ་ཕུན་ཚོགས་ཀྱིས་ནག་ཆུའི་ཡན་ལག་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་ནག་ཆུ་ས་ཁུལ་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་གཟིགས་གནང་བ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཕྱག་བྲིས་གནང་བའི་“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས། མཛེས་སྡུག་ལྡན་པའི་བོད་ལྗོངས་ཤིག་འཛུགས་སྐྲུན་བྱེད་དགོས་”ཞེས་པ་དཔར་ཡོད་པའི་སྒོ་བན་ཡང་གནང་ཞིང་། ས་གནས་དེ་གའི་མི་རིགས་ཁག་གི་ལས་བྱེད་པ་རྣམས་ལ་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་པར་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
    བྱམས་པ་ཕུན་ཚོགས་ཀྱིས་ནག་ཆུ་ས་ཁུལ་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་ཕྱག་བྲིས་བསྟར་མའི་སྒོ་བན་གནང་བ།
    བྱམས་པ་ཕུན་ཚོགས་ཀྱིས་ནག་ཆུ་ས་ཁུལ་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་ཕྱག་བྲིས་བསྟར་མའི་སྒོ་བན་གནང་བ།
      

    ཕྱོགས་བསྡུས་གསར་འགྱུར།