འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་དང་དམིགས་
    བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པ་ཚོགས་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་14ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།རྒྱལ་ཡོངས་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་དང་དམིགས་
བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པ་ཚོགས་འགོ་ཚུགས་པ།
         མི་དམངས་དྲ་བའི་འཕྲིན། དགའ་སྤྲོའི་ལུས་རྩལ་རྩེད་ནས་སི་ཁྲོན་དུ་ཕུགས་མདུན་མངོན་འགྱུར་བྱེད། རྒྱལ་ཡོངས་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་དང་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པ་དེ་ཟླ་9ཚེས་12ཉིན་གྱི་སྔ་དྲོ་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་གྱི་ཧྲོང་ལིའུ་ལུས་རྩལ་ལྟེ་གནས་སུ་གཟབ་རྒྱས་ངང་ཚོགས་འགོ་ཚུགས་ཤིང་། རྒྱལ་དོན་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དབང་པོ་སྐྱོན་ཅན་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན། རྒྱལ་ཡོངས་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་དང་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པའི་སྒྲིག་འཛུགས་ཨུ་ལྷན་གྱི་མཚན་འཛིན་ཀྲུའུ་ཞི་བཅས་ཡིན་པའི་ཝང་ཡུང་ལུས་རྩལ་འགྲན་ཚོགས་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།
         རྒྱལ་དོན་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དབང་པོ་སྐྱོན་ཅན་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན། རྒྱལ་ཡོངས་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་དང་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པའི་སྒྲིག་འཛུགས་ཨུ་ལྷན་གྱི་མཚན་འཛིན་ཀྲུའུ་ཞི་བཅས་ཡིན་པའི་ཝང་ཡུང་གིས“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་དང་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པ་ཚོགས་འགོ་ཚུགས་སོང”ཞེས་ཁྱབ་བསྒྲགས་བྱས་རྗེས་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས་པ་རེད།
    【1】  【2】  【3】  【4】  【5】  【6】  【7】
    ༄༅།།རྒྱལ་ཡོངས་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་དང་དམིགས་
བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པ་ཚོགས་འགོ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།