འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཡར་འབྲོག་གཡུ་མཚོའི་གཟི་མདངས།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་07ཉིན། 14:15】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཡར་འབྲོག་གཡུ་མཚོའི་གཟི་མདངས།
         མི་དམངས་དྲ་བའི་འཕྲིན། ཡར་འབྲོག་གཡུ་མཚོ་ནི་བོད་ལྗོངས་ལྷོ་ཁ་ས་ཁུལ་གྱི་སྣ་དཀར་རྩེ་རྫོང་ཁོངས་སུ་ཡོད་ལ་ལྷ་སའི་བར་ལམ་ཐག་སྤྱི་ལེ་100ཡང་མེད། མཚོ་ངོས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4400ཡོད་ཅིང་།  ཡར་འབྲོག་གཡུ་མཚོ་ནི་གནམ་མཚོ་ཕྱུག་མོ་དང་མ་ཕམ་གཡུ་མཚོ་གཉིས་དང་བོད་ལྗོངས་ཀྱི་བླ་མཚོ་གསུམ་དུ་འབོད།  ཡར་འབྲོག་གཡུ་མཚོའི་རང་བྱུང་ཡུལ་ལྗོངས་མཛེས་ཤིང་ལྟ་ན་སྡུག་པས་ལོ་རེ་བཞིན་དུ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་འབོར་ཆེན་འགུགས་བཞིན་ཡོད།  2013ལོར་བོད་ལྗོངས་ཀྱིས་ཡར་འབྲོག་གཡུ་མཚོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་གཞིའི་དུས་འགོའི་ལས་ཀ་བསྒྲུབས་ཚར་བ་དང་། 2014ལོར་རྒྱལ་ཁབ་ཀྱིས་ཡར་འབྲོག་གཡུ་མཚོ་དེ་མཚོ་བཟང་100ཡི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོད་ལྟའི་ལས་གཞིའི་ནང་བཅུག་པ་རེད། 
    【1】  【2】  【3】  【4】  【5】  【6】  【7】  【8】  【9】  【10】  【11】
    ༄༅།།ཡར་འབྲོག་གཡུ་མཚོའི་གཟི་མདངས།
      

    ཕྱོགས་བསྡུས་གསར་འགྱུར།