འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་གྲུབ་འབྲས་འགྲེམས་སྟོན་དེ་
    པེ་ཅིང་དུ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་07ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།སི་ཁྲོན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་གྲུབ་འབྲས་འགྲེམས་སྟོན་དེ་
པེ་ཅིང་དུ་འགོ་ཚུགས་པ།
         མི་དམངས་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི“མཛེས་སྡུག་གི་རྔ་པ·པེ་ཅིང་ནས་ལྷན་འཛོམས”ཞེས་པའི་གྲུབ་འབྲས་འགྲེམས་སྟོན་དེ་ཚེས་4ཉིན་པེ་ཅིང་མི་རིགས་རིག་གནས་ཕོ་བྲང་དུ་འགོ་ཚུགས་པ་རེད།
         འགྲེམས་སྟོན་ཐོག་རྔ་པའི་ས་བབ་མདོར་བསྡུས་དང་། དཔལ་འབྱོར་འཛུགས་སྐྱོང་། ཐོན་ལས་འཕེལ་རྒྱས་སོགས་ཀྱི་ཆ་ནས་རྔ་པ་ཁུལ་བཙུགས་ནས་ལོ་60འཁོར་རིང་གི་འཛུགས་སྐྲུན་དང་། སྒྱུར་བཅོས། འཕེལ་རྒྱས་བཅས་ཀྱི་བརྒྱུད་རིམ་ཁག་སོ་སོར་ཁྱོན་ཡོངས་ནས་བྱས་ཤིང་། འགྲེམས་སྟོན་དུས་ཡུན་ཟླ་9ཚེས་10ཉིན་བར་བྱ་རྒྱུ་རེད།
         “ཀྲུང་གོ་མི་རིགས་རང་སྐྱོང་ཁུལ་གྱི་གྲུབ་འབྲས་འགྲེམས་སྟོན”གྱི་བྱེད་སྒོ་རབ་དང་རིམ་པའི་གྲས་ཤིག་ཡིན་པའི་ཆ་ནས་ད་རེས་ཀྱི་འགྲེམས་སྟོན་ནང་པར་རིས་དང་། སྒྲ་བརྙན། ཡིག་ཚགས་དཔྱད་ཡིག་བཅས་འབོར་ཆེན་འགྲེམས་སྟོན་བྱས་པ་མ་ཟད། ད་དུང་ཆའང་རིགས་ལག་ཤེས་བཟོ་རྩལ་པ་འགྲེམས་ཚོམས་སུ་གདན་དྲངས་ཏེ་མངོན་མིན་རིག་གནས་ཤུལ་བཞག་དངོས་སུ་འགྲེམས་སྟོན་བྱས་པས་ལྟད་མོ་བས་ཆའང་རིགས་ཀྱི་དངུལ་རྒྱན་བཟོ་ཚུལ་དང་། ཆའང་རིགས་ཀྱི་འཚེམ་དྲུབ། ཆའང་རིགས་ཀྱི་རྡོ་བརྐོས་དང་ཇའི་སྒྱུ་རྩལ་ལ་ཐག་ཉེ་ས་ནས་བལྟ་ཐུབ་པར་གྱུར་ཡོད།
         རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ནི་མཚོ་བོད་ས་མཐོའི་ཤར་ལྷོའི་མཚམས་སུ་གནས་པ་དང་། སྤྱིའི་མི་འབོར་ཁྲི་92ཡོད་པའི་ནང་བོད་རིགས་ཀྱིས་57.3%དང་ཆའང་རིགས་ཀྱིས་18.6%ཟིན་ཡོད། རྔ་པ་ཁུལ་གྱི་མངའ་ཁོངས་སུ་གཙང་པོ་530ལྷག་ཡོད་པ་དང་ཆུ་ནུས་གསོག་ཉར་བྱེད་ཚད་ཆན་ཝ་ཁྲི་1933ཟིན་ལ་དེ་ནི་རྒྱལ་ཡོངས་སུ་ལག་བསྟར་བྱེད་པའི“ནུབ་གློག་ཤར་འདྲེན”གྱི་ནུས་རྒྱུ་འཐབ་ཇུས་ཀྱི་ཆུ་གློག་རྟེན་གཞིའི་གྲས་ཤིག་ཡིན། ཁུལ་བཙུགས་ནས་ལོ་60ལྷག་གི་རིང་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་1952ལོའི་སྒོར་ཁྲི་2400ནས་2014ལོའི་སྒོར་དུང་ཕྱུར་248ལ་འཕར་བ་རེད།
    【1】  【2】  【3】  【4】
    ༄༅།།སི་ཁྲོན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་གྲུབ་འབྲས་འགྲེམས་སྟོན་དེ་
པེ་ཅིང་དུ་འགོ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།