འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱབ་ཤ་དཀར་པོའི་དེབ་ནང་ཤང་གྲོང་གི་སྨན་བཅོས་འཕྲོད་བསྟེན་མ་ལག་རིམ་བཞིན་
    འཐུས་ཚང་དུ་བཏང་ཡོད་ཅེས་འཁོད་ཡོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་07ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་ཚེས་6ཉིན་སྤེལ་བའི《མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བོད་དུ་ལག་བསྟར་ལམ་ལྷོངས་བྱུང་བ》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་། བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་མྱུར་པོ་ཕྱིན་ནས། གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་རིམ་བཞིན་འཐུས་ཚང་དུ་ཕྱིན་ཡོད་ཅེས་འཁོད་ཡོད།
         རྒྱབ་ཤ་དཀར་པོའི་དེབ་ནང་། མིག་སྔར་བོད་དུ་ཀྲུང་ལུགས་དང་། ཕྱི་ལུགས། བོད་ལུགས་གསོ་རིག་བཅས་ཟུང་འབྲེལ་བྱས་ནས། ལྷ་སས་ལྟེ་བ་བྱས་པའི་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པའི་སྨན་བཅོས་འཕྲོད་བསྟེན་གྱི་དྲ་བ་ཞིག་བསྐྲུན་ཡོད། རིན་མེད་སྨན་བཅོས་རྨང་གཞིར་བྱེད་པའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཞིང་འབྲོག་མང་ཚོགས་ཡོངས་སུ་ཁྱབ་ཡོད་ལ། ལྗོངས་ཡོངས་སུ་རྫོང་སྨན་ཁང71དང་ཤང་གྲོང་འཕྲོད་བསྟེན་ཁང678བསྐྲུན་ཟིན་པས། གྲོངཁྱེར་དང་གྲོང་གསེབ་ཏུ་ཁྱབ་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་རིམ་བཞིན་འཐུས་ཚང་དུ་ཕྱིན་ཡོད། 2014ལོའི་ལོ་མཇུག་ཏུ་ལྗོངས་ཡོངས་སུ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་1430བར་འཕེལ་རྒྱས་ཕྱིན་པ་དང་། མི་སྟོང་རེར་ནད་ཁྲིའི་གྲངས་དང་འཕྲོད་བསྟེན་ལག་རྩལ་མི་སྣའི་གྲངས་3.79དང་4.08སོ་སོར་ཟིན་ནས་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་དུ་ཁྱབ་པའི་སྨན་བཅོས་འཕྲོད་བསྟེན་གྱི་དྲ་རྒྱ་བསྐྲུན་ཡོད་ཅེས་འཁོད་ཡོད།
         རྒྱབ་ཤ་དཀར་པོའི་དེབ་ནང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལོར་གཏོང་སྤྲོད་ཀྱི་ཚད་གཞི་མཐོ་ཤོས་སྒོར་ཁྲི་30དང་ཁྲི་20སོ་སོར་ཡིན་པ་རེད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ནོར་སྲིད་ཀྱི་ཁ་གསབ་ཚད་གཞི་ལོར་མི་རེར་ཆ་སྙོམས་སྒོར་380བར་མཐོ་རུ་བཏང་ཡོད་པ་དང་། སྲིད་ཇུས་ཀྱི་ཁྱབ་ཁོངས་ནང་སྨན་ཁང་དུ་སྡོད་པའི་འགྲོ་གྲོན་གཏོང་སྤྲོད་ཀྱི་བསྡུར་གྲངས་ནི་75%ཙམ་རེད། ཞིང་འབྲོག་པ་མི་འབོར་100%སྨན་རིན་མི་དགོས་པར་སྨན་བཅོས་བྱེད་པའི་རྨང་གཞིའི་སྨན་བཅོས་འགན་སྲུང་མ་ལག་ནང་བཅུག་པ་དང་། ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལ་སྲིད་གཞུང་གིས་ཁ་གསབ་རྒྱག་པའི་ཚད་གཞི་དེ་ལོར་ཆ་སྙོམས་སྒོར་420ཡིན་པ་དང་། རྩིས་ཞུའི་ཁ་གསབ་བཅད་གྲངས་མཐོ་ཤོས་ལ་སྒོར་ཁྲི་6ཡིན་པ། སྲིད་ཇུས་ཁྱབ་ཁོངས་ནང་རྩིས་ཞུ་བྱེད་པའི་ཁ་གསབ་ཀྱི་བསྡུར་གྲངས་80%ཡན་ཟིན་ཡོད། དགོན་སྡེའི་གྲྭ་བཙུན་སོགས་ཚོགས་སྤྱི་ཚང་མ་གཞི་རྩའི་སྨན་བཅོས་འགན་བཅོལ་ཁྱབ་ཁོངས་སུ་བཅུག་ཡོད། སྨན་བཅོས་རོགས་སྐྱོབ་ཀྱི་སྔོན་སྤྲོད་དངུལ་སྤྲོད་མི་དགོས་པ་དང་། རྒྱལ་ཡོངས་ཀྱི་སྔོན་ལ་སྨན་བཅོས་རོགས་སྐྱོབ་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་དང་སྤྱི་ཚོགས་ཡོངས་སུ་ཁྱབ་པ་བྱས་ཡོད་ཅེས་བསྟན་ཡོད།
         རྒྱབ་ཤ་དཀར་པོའི་དེབ་ནང་འཁོད་པ་ལྟར་བོད་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་སྨན་རིན་མི་དགོས་པར་གཟུགས་པོར་བརྟག་དཔྱད་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་བདེ་ཐང་ཡིག་ཚགས་བཟོ་ཚད་99%ཟིན་ཡོད་པ་རེད། 2013ལོར་སྦྲུམ་མ་ཤི་ཚད་དང་ཕྲུ་གུ་དམར་འབྱར་ཤི་ཚད154.51/ཁྲི་10དང་19.9‰ཉུང་དུ་ཕྱིན་ཡོད་པ་རེད། མི་རེའི་ཆ་སྙོམས་ཚེ་ཚད་དུས་རབས་20པའི་ལོ་རབས་50པའི་ལོ་35.5ནས་ལོ་68.17བར་རིང་དུ་སོང་ཡོད་པ་རེད། ལྗོངས་ཡོངས་སུ་གཞི་རྩའི་ཆ་ནས་བ་ཚྭ་མི་འདང་བའི་ནད་གཞི་མེད་པ་བཟོ་བའི་ཚད་གཞི་མངོན་འགྱུར་བྱུང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།