འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱབ་ཤ་དཀར་པོའི་དེབ་ནང་བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་
    འཕར་བ་དང་དབུལ་པོའི་མི་འབོར་ཉུང་དུ་སོང་བ་ཞེས་འཁོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་07ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་6ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་དོན་ཁང་གིས་འགྲེམས་སྤེལ་བྱས་པའི《མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བོད་དུ་གྲུབ་འབྲས་ཐོབ་པའི་ལག་ལེན》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50རིང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་མྱུར་དུ་འཕར་བ་དང་། སྡོད་ཁང་གི་ཆ་རྐྱེན་ལེགས་སུ་ཕྱིན་པ། དབུལ་ཕོངས་མི་འབོར་ཆེས་ཆེར་ཉུང་དུ་སོང་ཡོད་ཅེས་བསྟན་ཡོད།
         རྒྱབ་ཤ་དཀར་པོའི་དེབ་ནང་བསྟན་དོན། 2014ལོར་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་ཆ་སྙོམས་བཀོལ་སྤྱོད་ཐུབ་པའི་ཡོང་འབབ་སྒོར་22016ཟིན་ནས་1978ལོའི་སྒོར་565ལས་ལྡབ་38དང་ལོ་རེར་ཆ་སྙོམས་10.7%འཕར་བ་དང་། ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཐུབ་པའི་ཡོང་འབབ་སྒོར་7359ཟིན་ནས་ཆ་སྙོམས་ལོ་ལྟར་10.9%འཕར་ཡོད། 1982ལོའི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པ་བྱེད་སྐབས། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་གྱིས་སྤྱིའི་མི་འབོར་ནང་བཟུང་བའི་བསྡུར་ཚད་9.48%ལས་བཟུང་མེད་པ་དང་། 1990ལོར་11.52%བར་དང་2000ལོར་19.43% 2010ལོར་22.67%བཅས་བར་མཐོ་རུ་སོང་སྟེ། གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་སོང་ཡོད།
         རྒྱབ་ཤ་དཀར་པོའི་དེབ་ནང་བསྟན་དོན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྡོད་གནས་ཆ་རྐྱེན་ལེགས་སུ་གཏོང་ཆེད་བོད་ཀྱིས་2006ལོ་ནས་བཟུང་རྒྱལ་ཡོངས་ཀྱི་སྔོན་ལ་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་ལག་བསྟར་བྱ་རྒྱུ་བཏོན་ནས། 2013ལོར་སླེབས་སྐབས་ལྗོངས་ཡོངས་སུ་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་278བཏང་ནས་ཞིང་འབྲོག་མང་ཚོགས་དུད་ཚང་ཁྲི་46.03གྱི་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་ལེགས་གྲུབ་བྱུང་ནས། ཞིང་འབྲོག་པ་མང་ཚོགས་ཁྲི་230བདེ་འཇགས་དང་སྤྱོད་སྒོ་ཆེ་བའི་ཁང་པའི་ནང་སྡོད་རྒྱུ་བྱུང་སྟེ། ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཀྱི་སྡོད་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་30.4ཟིན་ནས་འཚོ་བའི་ཆ་རྐྱེན་ལོ་རྒྱུས་རང་བཞིན་གྱི་ལེགས་སུ་ཕྱིན་ཡོད། ལྷ་སའི་དྲོད་རླངས་འདུ་འགོད་ལག་བསྟར་ཧུར་ཐག་བྱས་པ་དང་། 2012ལོར་ལས་གྲྭ་འགོ་ཚུགས་པ་ནས་བཟུང་འབར་རླངས་མདོང་ལམ་དྲ་བ་གཙོ་བོ་སྤྱི་ལེ་63དང་། འབར་རླངས་མདོང་ལམ་དྲ་བ་ཕལ་པ་སྤྱི་ལེ་256 སྒོ་རའི་མདོང་ལམ་དྲ་བ་སྤྱི་ལེ་1200ལྷག་ཙམ་བསྐྲུན་ཏེ། ཡུལ་མི་སྡེ་ཁུལ་དང་ཚན་པའི་དྲོད་རླངས་རྣམ་གྲངས་ཁག་768དང་། དུད་ཚང་ཁྲི་10.7 སྨི་ངོས་གྲུ་ཁྲི་2136ལེགས་གྲུབ་བྱུང་ནས་ལྷ་ས་གྲོང་ཁུལ་དུ་དྲོད་རླངས་མཁོ་འདོན་སྤྱིའི་ཆ་ནས་ཁྱབ་པ་དང་མི་རབས་ནས་མི་རབས་བར་ལྕི་བར་བརྟེན་ནས་དྲོད་ལེན་བྱེད་པའི་ལོ་རྒྱུས་རྦད་དེ་མཇུག་འགྲིལ་ཡོད།
         དེ་དང་ཆབས་ཅིག་ཆུ་དང་། གློག ལམ། རླངས། འཕྲིན་གཏོང་། སྦྲག་སྲིད། རླུང་འཕྲིན་བརྙན་འཕྲིན། མཛེས་སྡུག་ལྡན་པའི་ཁོར་ཡུག་བཅས“བརྒྱད་འཛོམས་ཞིང་དུད”ཀྱི་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་པ་དང་། བདེ་འཇགས་ངང་ཆུ་འཐུང་བའི་ཞིང་འབྲོག་མང་ཚོགས་ཀྱི་གནད་དོན་སྤྱིར་ན་ཐག་གཅོད་བྱས་ཡོད། གྲོང་ཚོ་ཚང་མར་ཁ་པར་དང་། གྲོང་ཚོ་ཚང་མར་རླུང་འཕྲིན་དང་བརྙན་འཕྲིན། ཤང་ཚང་མར་དྲ་ཆེན་བཅས་མངོན་འགྱུར་བྱུང་བ་དང་། སྲིད་འཛིན་གྲོང་ཚོ་4500ཡི་མི་འཚོ་སྡོད་ཁོར་ཡུག་འཛུགས་སྐྲུན་ལེགས་སྒྲུབ་བྱས་པ། ཞིང་འབྲོག་མང་ཚོགས་དུད་ཚང་ཁྲི་24ཙམ་ལ་རྫབ་རླངས་དྭངས་མའི་ནུས་རྒྱུ་སྤྱོད་ཐུབ་པ་བྱུང་བ། ཞིང་འབྲོག་ཁུལ་ལ་ཏེན་ཚྭ་ཁྱབ་ཚད་95%ཡན་ཟིན་པ་བཅས་རེད།
         རྒྱབ་ཤ་དཀར་པོའི་དེབ་ནང་འཁོད་དོན། 2003ལོ་ནས་བཟུང་ཞིང་འབྲོག་པའི་ཡོང་འབབ་ལོ་བཅུ་གཉིས་བསྟུད་མར་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་བྱས་ཡོད། མི་རེར་ལོ་རེར་སྒོར་2300(2010ལོའི་འགྱུར་མེད་རིན་གོང)ཟིན་པའི་རྒྱལ་ཁབ་ཀྱི་གྲོང་གསེབ་དབུལ་སྐྱོར་ཚད་གཞིའི་འོག་ཏུ་འཚོ་བ་སྐྱེལ་མཁན་ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་དབུལ་པོ་2010ལོའི་མི་ཁྲི་117ནས་2014ལོའི་ལོ་མཇུག་གི་མི་ཁྲི་61བར་ཉུང་དུ་ཕྱིན་པ་དང་། རིམ་རྩིས་བྱས་ན་དབུལ་པོ་ཁྲི་56ཉུང་དུ་ཕྱིན་ཡོད། དབུལ་པོས་ལྗོངས་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་མི་འབོར་ནང་བཟུང་བའི་བསྡུར་གྲངས་2010ལོའི་49.2%ནས་2014ལོའི་23.7%བར་ཉུང་དུ་ཕྱིན་ཡོད། 2006ལོ་ནས་བཟུང་ཞིང་སྟོབས་ཞིང་ཕན་གྱི་ཁ་གསབ་མ་དངུལ་ཐད་ཀའམ་ཡང་ན་བརྒྱུད་ནས་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་706.36ཟིན་པ་དང་། འབྲུ་རིགས་ལ་གསབ་མ་དངུལ་སྒོར་དུང་ཕྱུར་1.89དོན་འཁྱོལ་བྱས་པ། ཞིང་སྤྱོད་རྒྱུ་ནོར་གྱི་ཕྱོགས་བསྡུས་ཁ་གསབ་སྒོར་དུང་ཕྱུར་3.58དོན་འཁྱོལ་བྱས་པ། ཁྱིམ་སྤྱོད་གློག་ཆས་དང་འཛིན་ཆས་གཤམ་གཏོང་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་3.4དོན་འཁྱོལ་བྱས་པ་རེད། ཁ་གསབ་སྲིད་ཇུས་དེ་དག་གིས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མཐོ་རུ་བཏང་བ་དང་། ཞིང་འབྲོག་མང་ཚོགས་ཀྱི་མཁོ་སྒྲུབ་ནུས་པ་ཆེ་རུ་བཏང་བ། ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་སྤུས་ཀ་ལེགས་སུ་བཏང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།