འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་རྟེན་འབྲེལ་ཆེ་མོའི་གྲ་སྒྲིག་བྱེད་སྒོ་མཇུག་འགྲིལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་07ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་5ཉིན་འཚོགས་པའི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་རྟེན་འབྲེལ་བྱེད་སྒོའི་གྲ་སྒྲིག་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་གསར་འགོད་པར་ཤེས་རྟོགས་བྱུང་གསལ། མིག་སྔར་བོད་ཀྱི་རྟེན་འབྲེལ་ཆེ་མོའི་བྱེད་སྒོ་ཁག་གྲ་སྒྲིག་བྱས་ཟིན་པ་དང་། ཀྲུང་དབྱང་སྐུ་ཚབ་ཚོགས་པ་བོད་དུ་ཕེབས་ནས་རྟེན་འབྲེལ་བྱེད་སྒོ་རབ་དང་རིམ་པར་ཞུགས་རྒྱུ་དང་འབྲེལ་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ཕྱག་རྟགས་ཀྱང་གནང་རྒྱུ་རེད།
         འདི་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་ལོ་ཞིག་ཡིན་པས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རོགས་སྐྱོར་ལ་དྲིན་ཚོར་བྱེད་སེམས་མཚོན་པ་དང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ཚུན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་བྱས་པར་ཐོབ་པའི་གྲུབ་འབྲས་ཆེན་པོ་མངོན་པར་བྱ་ཆེད་ཀྲུང་དབྱང་གིས་མོས་མཐུན་གནང་བ་བརྒྱུད་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་རྟེན་འབྲེལ་བྱེད་སྒོ་སྤེལ་རྒྱུ་ཡིན་ཞིང་། གྲ་སྒྲིག་ལས་དོན་ན་ནིང་གི་ཟླ་12པ་ནས་འགོ་བཙུགས་པ་དང་ཟླ་བ་8ལྷག་ཙམ་གྱི་གྲ་སྒྲིག་ནན་ཏན་བྱས་པ་བརྒྱུད་ད་ཆ་གྲ་སྒྲིག་ལས་དོན་ཁག་མཇུག་འགྲིལ་བ་རེད།
         བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་མོང་ཞའོ་ལིན་གྱིས་ཀྲུང་དབྱང་སྐུ་ཚབ་ཚོགས་པ་བོད་དུ་བྱེད་སྒོའི་ནང་ཞུགས་པའི་གྲས་སུ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་རྟེན་འབྲེལ་ཚོགས་ཆེན་དང་མང་ཚོགས་ཀྱི་ཁྲོམ་སྐོར་དང་། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་གྲུབ་འབྲས་འགྲེམས་སྟོན། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་རྟེན་འབྲེལ་བྱེད་སྒོའི་རིག་རྩལ་མཚན་ཚོགས—《ཀྲུང་གོའི་ཕུགས་འདུན—གངས་རིའི་དགའ་གླུ》 ལྷ་ས་ནས་ཉིང་ཁྲི་བར་གྱི་རིམ་མཐོའི་གཞུང་ལམ་ཤར་གཏོང་ཐུབ་པའི་མཛད་སྒོ་བཅས་ཚུད་ཡོད།
         དེ་དང་ཆབས་ཅིག་ཀྲུང་དབྱང་སྐུ་ཚབ་ཚོགས་པས་ད་དུང་བློ་མཐུན་རྒན་གྲས་ལ་གཟིགས་རྒྱུ་དང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་། ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་བློ་མཐུན་རྒན་གྲས། མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་དང་བོད་སྐྱོར་ལས་བྱེད་པའི་འཐུས་མི་བཅས་ལ་མཇལ་འཕྲད་གནང་རྒྱུ། ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་མི་སྣ་དང་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་དོན་མི་སྣ་དང་བོད་སྡོད་དཔུང་སྡེ་དང་སྲིད་ཁྲིམས་ལས་བྱེད་པ་དང་ཉེན་རྟོག་པར་འཚམས་འདྲི་གནང་རྒྱུ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་སྣེ་ལེན་ཚོགས་འདུ་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་ཚོགས་འདུར་ཞུགས་རྒྱུ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ཕྱག་རྟགས་གནང་རྒྱུ་བཅས་རེད་ཅེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།