འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་ངོ་སྟོང་ལྷག་གི་གནའ་གྲོང་ལྷ་སའི་རྣམ་པ་གསར་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་07ཉིན། 14:02】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ལོ་ངོ་སྟོང་ལྷག་གི་གནའ་གྲོང་ལྷ་སའི་རྣམ་པ་གསར་པ།
         མི་དམངས་དྲ་བའི་འཕྲིན། ལྷ་ས་གྲོང་ཁྱེར་ནི་རང་རྒྱལ་གྱི་བོད་རང་སྐྱོང་ལྗོངས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་གནས་ཡིན་ལ། བོད་བརྒྱུད་ནང་བསྟན་གྱི་ལྟེ་གནས་ཀྱང་ཡིན། ལྷ་ས་གྲོང་ཁྱེར་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁག་དང་པོར་ཁྱབ་བསྒྲགས་བྱས་པའི་རྒྱལ་ཡོངས་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་24ཡི་ཡ་གྱལ་ཡིན་པ་དང་། གྲོང་ཁྱེར་གྱི་ལྟེ་བར་གནས་པའི་ཕོ་བྲང་པོ་ཏ་ལ་དང་ལྷ་ལྡན་གཙུག་ལག་ཁང་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་འཛམ་གླིང་གི་རིག་གནས་ཤུལ་བཞག་གི་མིང་ཐོའི་ནང་བཀོད་ཡོད་པ་རེད། 1965ལོར་བོད་རང་སྐྱོང་ལྗོངས་དབུ་བརྙེས་པའི་སྐབས་སུ་ལྷ་ས་གྲོང་ཁུལ་དུ་ལམ་ཐིག་6མ་གཏོགས་མེད་ལ་གྲོང་ཁྱེར་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་3ཙམ་ལས་མེད། ལོ་ངོ་50རིང་གི་འཛུགས་སྐྲུན་བྱས་པ་བརྒྱུད་གྲོང་ཁྱེར་གྱི་རྣམ་པ་ཉིན་རེ་བཞིན་ཇེ་གསར་དུ་འགྱུར་བཞིན་ཡོད་ལ་གྲོང་ཁྱེར་གྱི་གཞི་སྒྲོམ་རིམ་བཞིན་ཆགས་པ་དང་། གྲོང་ཁྱེར་འཛུགས་སྐྲུན་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་70.29ཟིན་པར་གྱུར། གྲོང་ཁྱེར་གྱི་བགྲོད་ལམ་གྱི་སྤྱིའི་རིང་ཚད་ལོ་50སྔོན་གྱི་སྤྱི་ལེ་ཁ་ཤས་ནས་སྤྱི་ལེ་241རུ་འཕར་བ་དང་།  ཆ་སྙོམས་སུ་མི་23རེར་སྒེར་ཁྱིམ་གྱི་རླངས་འཁོར་རེ་ཡོད་པ་དང་རྒྱལ་ཡོངས་ཀྱི་ཆ་སྙོམས་ཀྱི་ཆུ་ཚད་ལས་མཐོ་བ་རེད། དེང་དུས་ལོ་ངོ་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་གནའ་གྲོང་ལྷ་ས་གྲོང་ཁྱེར་འདི་ནི་རྣམ་པ་གསར་པའི་སྒོ་ནས་གངས་ལྗོངས་ས་མཐོའི་སྟེང་ཀྲོང་ངེར་ལངས་ཡོད། 
    【1】  【2】  【3】  【4】
    ༄༅།།ལོ་ངོ་སྟོང་ལྷག་གི་གནའ་གྲོང་ལྷ་སའི་རྣམ་པ་གསར་པ།
      

    ཕྱོགས་བསྡུས་གསར་འགྱུར།