འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱིས་བོད་རིགས་གྱོན་ཆས་ཀྱི་ས་གནས་ཚད་གཞི་བཟོ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་31ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། བོད་རིགས་ཀྱི་གྱོན་ཆས་མཛེས་ཤིང་བབ་ཆགས་པ་དང་དུས་མཚུངས་མི་རིགས་ཀྱི་ཉམས་འགྱུར་ལེགས་པར་ལྡན་པ་དེ་ཐོག་ནས་བོད་རིགས་ཀྱི་སྒྱུ་རྩལ་གྱི་ཤེས་རྒྱ་དང་ཆུ་ཚད་ཧ་ཅང་མཐོ་པོ་ཡོད་པ་མཚོན་པ་མ་ཟད། རང་རྒྱལ་གྱི་མི་རིགས་གྱོན་ཆས་ཀྱི་འཕེལ་རྒྱས་ལོ་རྒྱུས་ཐོག་གལ་འགངས་ཤིན་ཏུ་ཆེ་བའི་གནས་བབ་ཀྱང་ལྡན་ཡོད་པ་རེད། འབྲེལ་ཡོད་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུ་ཚད་ལྡན་ཡོང་བ་བྱེད་པ་དང་། མི་རིགས་གྱོན་ཆས་ལ་ཐོན་སྐྱེད་རང་བཞིན་ངང་སྲུང་སྐྱོང་དང་ལུགས་མཐུན་ངང་གསར་སྤེལ་དང་བེད་སྤྱོད་བྱེད་པར་སྐུལ་མ་གཏོང་ཕྱིར། བོད་རང་སྐྱོང་ལྗོངས་ཀྱིས་བོད་རིགས་གྱོན་ཆས་ཀྱི་ས་གནས་ཚད་གཞི་བཟོ་བའི་ལས་དོན་སྤེལ་འགོ་ཚུགས་པ་རེད།
         བོད་རིགས་གྱོན་ཆས་ཞིབ་འཇུག་དང་གསར་སྤེལ་བྱེད་ཚད་འདང་གི་མེད་པ།
         ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། བོད་རིགས་ཀྱི་གྱོན་ཆས་མཛེས་ཤིང་བབ་ཆགས་པ་དང་དུས་མཚུངས་མི་རིགས་ཀྱི་ཉམས་འགྱུར་ལེགས་པར་ལྡན་པ་དེ་ཐོག་ནས་བོད་རིགས་ཀྱི་སྒྱུ་རྩལ་གྱི་ཤེས་རྒྱ་དང་ཆུ་ཚད་ཧ་ཅང་མཐོ་པོ་ཡོད་པ་མཚོན་པ་མ་ཟད། རང་རྒྱལ་གྱི་མི་རིགས་གྱོན་ཆས་ཀྱི་འཕེལ་རྒྱས་ལོ་རྒྱུས་ཐོག་གལ་འགངས་ཤིན་ཏུ་ཆེ་བའི་གནས་བབ་ཀྱང་ལྡན་ཡོད་པ་རེད། འབྲེལ་ཡོད་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུ་ཚད་ལྡན་ཡོང་བ་བྱེད་པ་དང་། མི་རིགས་གྱོན་ཆས་ལ་ཐོན་སྐྱེད་རང་བཞིན་ངང་སྲུང་སྐྱོང་དང་ལུགས་མཐུན་ངང་གསར་སྤེལ་དང་བེད་སྤྱོད་བྱེད་པར་སྐུལ་མ་གཏོང་ཕྱིར། བོད་རང་སྐྱོང་ལྗོངས་ཀྱིས་བོད་རིགས་གྱོན་ཆས་ཀྱི་ས་གནས་ཚད་གཞི་བཟོ་བའི་ལས་དོན་སྤེལ་འགོ་ཚུགས་པ་རེད།
         གྱོན་ཆས་ལས་ང་ཚོའི་འཚོ་བའི་གོམས་གཤིས་དང་། མཛེས་དཔྱོད་དགའ་ཞེན། ཚོན་མདོག་ལ་དགའ་ཞེན། རིག་གནས་ཀྱི་བསམ་ཚུལ། ཆོས་དད་བཅས་མཚོན་ཐུབ་པ་མ་ཟད། གྱོན་ཆས་རིག་གནས་ཀྱི་སྙིང་དོན་གཏིང་ཟབ་ཀྱང་མཚོན་ཡོད་པ་རེད། བོད་རང་སྐྱོང་ལྗོངས་སྤུས་ཚད་ལྟ་ཞིབ་ཅུས་ཚད་ལྡན་ཅན་སོའོ་ཡི་སོའོ་ཀྲང་གཞོན་པ་དབང་ཆེན་གྱིས། བོད་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་འགྲོ་བ་དང་། མི་རྣམས་ཀྱི་འཚོ་བའི་གོམས་གཤིས་ལ་འགྱུར་ལྡོག་འགྲོ་བ་དང་བསྟུན་ནས། བོད་ཆས་དེས་བོད་རིགས་ཀྱི་ད་ཆའི་གོམ་སྟབས་མགྱོགས་སུ་ཕྱིན་པའི་འཚོ་བ་སྐྱེལ་སྟངས་ཀྱི་དགོས་མཁོ་སྐོང་མ་ཐུབ་པར་དམངས་ཚོགས་རྣམས་དུས་ཆེན་དང་མཛད་སྒོ་གཟབ་རྒྱས་དང་བྱེད་སྒོ་གཟབ་རྒྱས་ནང་ཞུགས་པའི་གཟབ་མཆོར་ཞིག་ཏུ་གྱུར་ཡོད་ཅེས་བཤད་པ་རེད།
         “བོད་རིགས་གྱོན་ཆས་འཕེལ་རྒྱས་དང་མི་རིཌ་ཀྱི་བརྩེ་དུང་སྲུང་སྐྱོང་བྱ་ཕྱིར། ང་ཚོས་ཚད་གཞི་ཅན་གྱི་ལག་རྩལ་བྱེད་ཐབས་ཐོག་ནས་བོད་རིགས་གྱོན་ཆས་ཀྱི་ས་གནས་ཚད་གཞི་བཟོས་ཏེ། འབྲེལ་ཡོད་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུ་ཚད་ལྡན་ཡོང་བ་བྱེད་པ་དང་། མི་རིགས་གྱོན་ཆས་ལ་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོང་དང་ལུགས་མཐུན་ངང་གསར་སྤེལ་དང་བེད་སྤྱོད་བྱེད་པར་སྐུལ་མ་གཏོང་དགོས་ཞེས་བཏོན་ཡོད”ཅེས་དབང་ཆེན་གྱིས་བཤད་པ་དང་། ཁོང་གིས་བོད་རིགས་གྱོན་ཆས་ཀྱི་ས་གནས་ཚད་གཞི་བཟོ་བ་དང་ཞིབ་འཇུག་བྱས་ཚེ། བོད་རིགས་ཀྱི་གྱོན་ཆས་རིག་གནས་སྔར་བས་སྲུང་སྐྱོང་ཐུབ་ལ། བོད་རིགས་ཀྱི་གྱོན་ཆས་ཁྲོམ་ར་འཛུགས་སྐྱོང་དང་དོ་དམ་ལ་ཤུགས་སྣོན་རྒྱག་པར་ཕན་པའང་ཡོད་པས། ཐོན་ལས་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བ་དང་དཔལ་འབྱོར་འཕར་བར་སྐུལ་མ་གཏོང་བའི་ཐད་དགེ་མཚན་ལྡན་པའི་དོན་སྙིང་ལྡན་ཡོད་ཅེས་བཤད་པ་རེད།
         སྣ་ཁ་མང་པོ་ཡོད་པས་མུ་འབྲེལ་ཚད་གཞི་བྱེད་ཐབས་སྤྱོད་རྒྱུ་ཡིན་པ།
         ལོ་རྒྱུས་འཕེལ་རྒྱས་འགྲོ་བ་དང་། ས་ཁམས་ཁོར་ཡུག་དང་གནམ་གཤིས་ཀྱི་ཆ་རྐྱེན་རྒྱུན་ཆད་མེད་པར་འགྱུར་ལྡོག་འགྲོ་བ། མཛེས་དཔྱོད་འདུ་ཤེས་དང་ཡུལ་སྲོལ་གོམས་འདྲིས་མི་འདྲ་བ་བཅས་ཀྱིས་ས་ཁུལ་མི་འདྲ་བའི་བོད་རིགས་ཀྱི་གྱོན་ཆས་ལ་ཉམས་འགྱུར་དང་ཁྱད་ཆོས་མི་འདྲ་བ་ཡོད་པ་དང་། ས་ཁུལ་གཅིག་ཏུའང་དུས་ཚིགས་དང་བྱེད་སྒོ་སྤེལ་ཡུལ་མི་འདྲ་བས། མི་རྣམས་ཀྱི་གྱོན་ཆས་ལའང་ཧེ་བག་ཡོད་པ་རེད།
         “བོད་རིགས་གྱོན་ཆས་ལ་ལོ་རྒྱུས་ཡུན་རིང་ལྡན་ལ། ཁྱབ་རྒྱ་ཆེ་བ་དང་སྣ་ཁ་མང་པོ་ཡོད་པར་བརྟེན། གཅིག་གྱུར་གྱི་ས་གནས་ཚད་གཞི་ཞིག་བཟོ་ཁག་པོ་རེད། དེ་སྔོན་ང་ཚོ་ནང་སོག་ལ་རྟོག་ཞིབ་བྱེད་པར་སྐྱོད་སྐབས་《ནང་སོག་གྱོན་ཆས་》ཀྱི་ས་གནས་ཚད་གཞིའང་སྡེ་ཚོ་ལྟར་བཟོས་ནས་སྡེ་ཚོ་རེར་གྱོན་ཆས་ཀྱི་ཚད་གཞི་མི་འདྲ་བ་རེ་འདུག”ཅེས་དབང་ཆེན་གྱིས་བཤད་པ་དང་། ཁོང་གིས་དཔེར་ན་མགོ་རྒྱན་དང་། ཞྭ་མོ། ཕྱུ་པ། ལྷམ་སོགས་སྡེ་ཚོ་ཚང་མར་ཆེད་ལས་ཀྱི་ཐ་སྙད་དང་། མཚན་ཉིད། གསལ་བཤད་བཅས་འདུག་ཅེས་བཤད།
         བོད་རང་སྐྱོང་ལྗོངས་ཀྱིས་བོད་རིགས་གྱོན་ཆས་ཀྱི་ས་གནས་ཚད་གཞི་བཟོ་སྐབས་《ནང་སོག་གྱོན་ཆས་》ཀྱི་ས་གནས་ཚད་གཞི་དཔྱད་གཞིར་འཛིན་ནས། ས་ཁུལ་དང་གྲོང་ཁྱེར་ཁག་གི་མཚོན་བྱེད་རང་བཞིན་གྱི་གྱོན་ཆས་གཞིར་བཟུང་། ཚད་གཞི་བཟོ་རྒྱུ་ཡིན་པས། བོད་ཆས་གྱོན་ཚེ་མི་རྣམས་ཀྱིས་བལྟས་པ་ཙམ་གྱིས་ཚང་མ་ས་ཁུལ་གང་ནས་ཡིན་པ་གསལ་པོ་ཤེས་ཐུབ་ཀྱི་རེད།
         ལྷ་སའི་ཚད་གཞི་སྔོན་དཔག་བྱས་ན་ལོ་འཁོར་ནང་བཟོས་ཚར་རྒྱུ་ཡིན་པ།
         “མིག་སྔར་མི་ལ་ལས་རིག་གནས་ལ་གསར་གཏོད་དང་སྣ་མང་ཅན་ཞིག་ཏུ་ངོས་འཛིན་བྱེད་པ་ལས་ཚད་ལྡན་ཅན་གྱི་ལས་དོན་དེའི་རིག་གནས་ཁྱབ་ཁོངས་ནང་གི་ནུས་པར་ཤེས་རྟོགས་གང་ལེགས་མ་ཐུབ་པར། ཚད་གཞི་ཡོད་ཚེ‘སྣ་མང་ཅན’མངོན་འགྱུར་བྱེད་ཐབས་བྲལ་བའི་ངོས་འཛིན་བྱེད་ཀྱི་ཡོད། དོན་དངོས་ཐོག‘སྣ་མང་ཅན’དེར་རྒྱས་བཤད་ཡང་དག་བྱེད་དགོས་ཀྱི་ཡོད”ཅེས་དབང་ཆེན་གྱིས་ངོ་སྤྲོད་བྱས་པ་རེད།
         དབང་ཆེན་གྱིས་《བོད་རིགས་གྱོན་ཆས་》ཀྱི་ས་གནས་ཚད་གཞི་བཟོ་རྒྱུ་དེས་མི་རིགས་ཀྱི་ཕུལ་བྱུང་གྱོན་ཆས་རིག་གནས་ལ་དགའ་པོ་དང་། གསོག་ཉར། སྲུང་སྐྱོང། རྒྱུན་འཛིན། སློབ་ཁྲིད། ཚན་རིག་ཞིབ་འཇུག གསར་གཏོད་འཕེལ་རྒྱས་བཅས་བྱེད་པར་ཐབས་ལམ་གསར་པ་གཏོད་པ་དང་། བོད་ཀྱི་མི་རིགས་ཀྱི་སྲོལ་རྒྱུན་གྱོན་ཆས་ཀྱི་ས་གནས་ཚད་གཞིའི་སྟོང་ཆ་སྐོང་ཐུབ། “མིག་སྔར་ང་ཚོས་བོད་རིགས་གྱོན་ཆས་(ལྷ་སའི་ས་ཁུལ)གྱི་ཚད་གཞིའི་དུས་འགོའི་གྲ་སྒྲིག་ལས་ཀ་བྱེད་འགོ་ཚུགས་པས། གོམ་སྟབས་རྗེས་མར་དཔྱད་ཡིག་འཚོལ་བསྡུ་དང་། ས་གནས་ས་ཐོག་ཏུ་བརྟག་ཞིབ། རིགས་གཅིག་མཁས་དབང་ལ་བཅར་འདྲི། བཞུགས་མོལ་ཚོགས་འདུ་སྐོང་ཚོགས་སོགས་ཀྱི་བྱེད་ཐབས་ཐོག་ནས། ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་རྒྱ་ཁྱབ་བྱས་ཏེ་《བོད་རིགས་གྱོན་ཆས་》ཀྱི་ས་གནས་ཚད་གཞི་གང་མགྱོགས་བཟོ་རྒྱུ་ཡིན”ཞེས་འགྲེལ་བཤད་བརྒྱབ་ནས་བཤད་པ་རེད།
         ཉེ་ཆར་བོད་རང་སྐྱོང་ལྗོངས་ཚད་གཞི་ཅན་ཞིབ་འཇུག་སོའོ་ཡིས་ནང་སོག་ཚད་གཞི་ཅན་ཡོའན་དང“མི་རིགས་གྱོན་ཆས་རྣམ་གྲངས་མཉམ་ལས་ཀྱི་གྲོས་ཡིག”བཞག་ནས། བོད་རིགས་གྱོན་ཆས་(ལྷ་སའི་ས་ཁུལ)ཀྱི་ཚད་གཞི་བཟོ་རྒྱུའི་ཐད་མཉམ་ལས་ཀྱི་གྲོས་མཐུན་བཞག་པས་བོད་རིགས་གྱོན་ཆས་(ལྷ་སའི་ས་ཁུལ)ཀྱི་ཚད་གཞི་དེ་སྔོན་དཔག་བྱས་ན་ལོ་འཁོར་ནང་འདོན་ཐུབ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།