འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་པར་གྱི“སྐད་བརྡའི་རིག་གནས་ཀྱི་འབྲེལ་ཟམ”བསྐྲུན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་31ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ད་ཕན་ལོ་ཤས་རིང་། ཀྲུང་གོ་དང་པར་ཙིར་གྱི་ཁྱབ་ཁོངས་ཁག་དབར་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་མོད། འོན་ཀྱང་སྐད་བརྡའི་འབྲེལ་གཏུག་བྱ་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་དབར་སྤེལ་རེས་བྱེད་པའི་འཇུར་མིག་ཅིག་ཏུ་གྱུར་ཡོད། གསར་འགོད་པས་བཅར་འདྲི་བྱེད་རིང་རྟག་ཏུ་ཕྱོགས་གཉིས་པོའི་དཔོན་རིགས་དང་བཟོ་ཚོང་ལས་རིགས་མི་སྣས“ང་ཚོར་སྐད་སྒྱུར་བྱེད་མཁན་འདང་གི་མི་འདུག”ཅེས་པ་ཐོས་ཀྱི་འདུག་པས། དེས་ན་རིང་མིན་གོང《ཁ་དཔེ་དང་གཏམ་དཔེའི་པར་ཀྲུང་ཤན་སྦྱར་གྱི་ཚིག་མཛོད》ཅེས་པའི་དཔེ་དེབ་དཔེ་སྐྲུན་བྱས་རྗེས་གནས་ཚུལ་དེ་རིགས་ལེགས་བཅོས་ཐུབ་རེ་ཡོད་པ་རེད།
         དེ་ནི་ཞིབ་ཚགས་ངང་བཟོས་པའི་ཚིག་མཛོད་གསར་པ་ཞིག་ཡིན་ཞིང་། དེ་བཟོ་མཁན་ནི་ལོ་84ལ་སླེབས་པའི་ལིན་ཁྲང་ཁྲའོ་དང་ཁོང་གི་བཟའ་ཟླ་ལི་མེའོ་ན་ཡིན་པ་ཞིང་། དེབ་དེ་ནི་ཁོང་གཉིས་པོས་པར་ཙིར་དུ་ལོ་30ཙམ་འཚོ་བ་བསྐྱལ་བའི་ཉམས་མྱོང་གི་སྙིང་བཅུད་ཡིན་པར་དེའི་ནང་པར་ཙིར་གྱི་ཁ་རྒྱུན་དང་གཏམ་དཔེ་2000ལྷག་ཙམ་བཀོད་ཡོད་པ་རེད། རྒན་རྒོན་གཉིས་པོས་སྤྲོ་སེམས་རབ་ཏུ་འཁོལ་བ་དང་རྒྱུན་འཁྱོངས་ལྷོད་མེད་ཀྱི་འབད་བརྩོན་ལ་བརྟེན་ནས་ཀྲུང་པར་འབྲེལ་མཐུད་བྱེད་པའི“སྐད་བརྡའི་རིག་གནས་འབྲེལ་ཟམ”ཞིག་བསྐྲུན་ཡོད་པ་རེད།
         ཕོར་ཐིའུ་ཀལ་གྱི་པར་ཙིར་རྩོམ་རིག་ཁང་གི་ཚེ་གང་ཡོན་ཧྲི་སུའོ་ཉི་ཡ·ས་ལེ་སིས་དེ་ནི“འཛམ་གླིང་དུ་དོ་ཟླ་བྲལ་བའི་སྔོན་བྱོན་རང་བཞིན་གྱི་བརྩམས་ཆོས”ཤིག་རེད་ཅེས་བཤད་པ་རེད།
         1986ལོར་ལིན་ཁྲང་ཁྲའོ་ཡིས་མཐོ་རིམ་བཟོ་བཀོད་པའི་ཐོབ་ཐང་ཐོག་ནས་པར་ཙིར་དུ་གཞིས་ཆགས་པ་དང་ལི་མེའོ་ན་ཡིས་པར་ཙིར་གྱི་མཐོ་རིམ་སློབ་གླིང་དུ་དབྱིན་ཡིག་དགེ་རྒན་བྱས་ཤིང་། ཁོང་གཉིས་པོས་ཕོར་ཐིའུ་ཀལ་གྱི་སྐད་ཡིག་རང་སྦྱོང་བྱེད་འགོ་བཙུགས་ཏེ་ལོ་གཉིས་མ་འགོར་བར་པར་ཙིར་བ་དང་སྐད་ཆ་ཆུ་རྒྱུག་རྒྱུག་ཤོད་ཐུབ་ཀྱི་ཡོད། སྐད་བརྡ་ནི་རིག་གནས་ཀྱི་འབྱུང་རྩ་དང་རིག་གནས་སྤེལ་རེས་ནི་སེམས་ཁམས་ཀྱི་སྤེལ་རེས་རེད། “ཕྱི་རྒྱལ་དུ་ས་ཆ་དེ་གའི་སྐད་སྦྱོང་སྐབས་ངེས་པར་དུ་ས་ཆ་དེ་གའི་མིའི་སྐད་ཆ་ཤོད་སྐབས་ཀྱི་བསམ་ཚུལ་དང་རྣམ་འགྱུར་མྱོང་ཚོར་བྱས་ཚེ་གཞི་ནས་ཁོང་ཚོའི་སྐད་ཆ་ཤེས་རྟོགས་ཐུབ་པ་དང་ཁོང་ཚོ་དང་ཞི་མཐུན་མཉམ་གནས་ཐུབ་ཀྱི་ཡོད”ཅེས་ལིན་ཁྲང་ཁྲའོ་ཡིས་དྲན་གསོ་བྱས་པ་དང་ཁོང་གིས་ཀྲུང་གོ་ནས་འཁྱེར་ཡོང་བའི་ལྗིད་ཚད་རྒྱ་མ་3.4ཡི《ཕོར་ཐིའུ་ཀལ་དང་རྒྱ་ཡིག་ཚིག་མཛོད》དེ་ཁོང་གཉིས་པོའི་སྙིང་ཉེའི“འཐབ་གྲོགས”སུ་གྱུར་བ་རེད།
         ལོ་ལྟར་པར་ཙིར་དུ་འཚོ་བ་སྐྱེལ་བའི་ལིན་ཁྲང་ཁྲའོ་ཁྱོ་ཤུག་གཉིས་པོས་ཤེས་རྟོགས་བྱས་གསལ། གནས་སྤོས་ཡུལ་མིའི་ཁྱིམ་ཚང་གི་མི་རབས་གཉིས་པ་ནས་རྒྱ་ཡིག་སྦྱོང་མཚམས་རྩ་བའི་ཆ་ནས་ཆད་ཀྱི་ཡོད་ཅིང་། ཕྲུ་གུ་ཚོར་རྒྱ་ཡིག་ཧ་ཅང་ཁག་པོ་ཡོད་པའི་ཚོར་སྣང་སྐྱེས་ནས་སྦྱོང་འདོད་བྱེད་ཀྱི་མེད། དེར་བརྟེན་ཁོང་ཚོར་དེབ་དེ་བཟོ་བའི་ཀུན་སློང་བྱུང་ཡོད། ལིན་ཁྲང་ཁྲའོ་ཡིས“རྒྱ་ཡིག་ནི་རང་རེའི་རིག་གནས་ཀྱི་འབྱུང་རྩ་ཡིན་པས་ང་ཚོས་སྐྱོར་འཛིན་འབའ་ཞིག་བྱེད་པར་འགྱུར་ལྡོག་བཏང་ནས་སློབ་སྦྱོང་བྱ་རྒྱུ་དེ་དེ་བས་བབ་བསྟུན་དང་དངོས་ཡོད་འཚོ་བ་དང་དེ་བས་ཉེ་བཅར་ཡོང་བ་བྱེད་དགོས”སྙམ་ནས་ཁོང་ཚོས་པར་ཙིར་བས་རྟག་ཏུ་འཚོ་བའི་ཁྲོད་སྤྱོད་པའི་མིང་ཚིག་དང་ཤོད་སྟངས་དེ་དག་ཟིན་ཐོར་བཀོད་ནས་གཏམ་རྒྱུད་རང་བཞིན་གྱི་རྣམ་པའི་ཐོག་ནས་མིང་ཚིག་དེ་དག་ལ་འགྲེལ་བཤད་བརྒྱབ་སྟེ་ཀྲུང་པར་རིག་གནས་ཀྱི་ཧེ་བག་ཐུང་དུ་བཏང་བ་རེད།
         ལིན་ཁྲང་ཁྲའོ་ཡིས་གསར་འགོད་པར་ལོ་10ལྷག་ཙམ་གོང་དུ་ཁོང་ཚོས་དེའི་ཐད་ཀྱི་མིང་ཚིག་འཚོལ་བསྡུ་བྱེད་སྐབས་ཀྲུང་པར་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཐད་ད་ཆའི་འཕེལ་རྒྱས་ཀྱི་གཞི་ཁྱོན་དེ་ལྟ་བུ་ཡོད་པ་དང་པར་ཙིར་དུ་རྒྱ་ཡིག་སྦྱོང་རྒྱུར་དགའ་པོ་དེ་ལྟ་བུ་བྱེད་མཁན་ཡོད་པ་ཡིད་ལ་འཁོར་མ་མྱོང་ཞེས་བཤད། 《ཁ་དཔེ་དང་གཏམ་དཔེའི་པར་ཀྲུང་ཤན་སྦྱར་གྱི་ཚིག་མཛོད》བཟོ་བའི་དུས་སྐབས་ཡག་པོ་ཞིག་འཁེལ་ཡོད།
         དུས་རབས་གསར་པ་ཤར་བ་ནས་བཟུང་ཀྲུང་པར་དཔལ་འབྱོར་ཚོང་དོན་འབྲེལ་བ་བྱ་འཕུར་བ་ལྟར་འཕེལ་རྒྱས་བྱུང་ནས་སྐད་བརྡ་སློབ་སྦྱོང་བྱེད་པའི་དགོས་མཁོ་ཇེ་ཆེར་སོང་ཡོད། 《ཁ་རྒྱུན་དང་གཏམ་དཔེའི་པར་ཀྲུང་ཤན་སྦྱར་གྱི་ཚིག་མཛོད》དཔེ་སྐྲུན་བྱས་པ་ཤེས་རྗེས་ཁུང་ཙི་སློབ་གླིང་དང་སྒེར་འཛུགས་རྒྱ་ཡིག་སློབ་གླིང་ཁ་ཤས་དང་དེ་བཞིན་ཕྱི་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་རང་མིའི་ཚོགས་པ་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་ལིན་ཁྲང་ཁྲའོ་ཡི་གམ་ནས་དེབ་ཉོས་ཡོད། ལིན་ཁྲང་ཁྲའོ་ཡིས་རིག་གནས་སྤེལ་རེས་ནི་བསམ་པའི་འབྲེལ་ཟམ་ཞིག་ཡིན་པས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་ས་ཁམས་ཀྱི་བར་ཐག་ལས་བརྒལ་ནས་ཕན་ཚུན་ཤེས་རྟོགས་དང་མཛའ་མཐུན་ཟབ་ཏུ་འགྲོ་བར་རོགས་རམ་བྱེད་ཐུབ་པའི་ངོས་འཛིན་བྱེད་ཀྱི་རེད།
         ལིན་ཁྲང་ཁྲའོ་ཡིས་ད་ཕན་ལོ་གཉིས་ནང་ཀྲུང་གོ་དང་ཕོར་ཐིའུ་ཀལ་གྱི་སྐད་གཉིས་དུས་དེབ་དེ་པར་ཙིར་དུ་འགྲེམས་སྤེལ་བྱེད་འགོ་ཚུགས་པ་དང་པར་ཙིར་གྱི་ས་ཆ་ཁག་ཏུ་ད་དུང་ཁུང་ཙི་སློབ་གླིང་མི་ཉུང་བ་ཞིག་བཙུགས་ནས་ཀྲུང་གོའི་རིག་གནས་དང་ལུས་རྩལ་ཚོགས་པ་མང་པོ་ཞིག་པར་ཙིར་དུ་དམངས་ཁྲོད་སྤེལ་རེས་བྱེད་པར་ཡོང་གི་ཡོད། “ངས་རྟག་ཏུ་པར་ཙིར་གྱི་བརྙན་འཕྲིན་ལེ་ཚན་ལྟ་གི་ཡོད། མ་གཞི་ཀྲུང་གོ་དང་འབྲེལ་བ་ཡོད་པའི་ལེ་ཚན་ཕྲན་བུས་མང་དུ་ཕྱིན་ཡོད་མོད། འོན་ཀྱང་གནས་ཚུལ་ཁ་ཤས་ཐད་ཀྲུང་གོར་ཕྱོགས་རིས་ཀྱི་ལྟ་ཚུལ་འཛིན་གྱི་འདུག དེའི་ཐད་དམངས་ཁྲོད་ཀྱི་སྟོབས་ཤུགས་ལ་བརྟེན་པ་དང་སྤེལ་རེས་ལ་བརྟེན་ནས་ཤེས་རྟོགས་ཟབ་ཏུ་གཏོང་དགོས་ཀྱི་ཡོད། ངས་ཚིག་མཛོད་དེ་བཏོན་ནས་ཕྱོགས་གཉིས་པོའི་དབར་སྤེལ་རེས་ཟབ་ཏུ་གཏོང་བར་ལེགས་སྐྱེས་ཕྲན་བུ་འབུལ་ཐུབ་རེ་བྱེད་ཀྱི་ཡོད”ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།