འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།གདོད་མའི་རྣམ་པའི་དངོས་ལྗོངས་ཟློས་གར་<<རྒྱལ་རྩེའི་རྗེས་ཤུལ་>>རྒྱལ་རྩེ་རྫོང་
    དུ་འཁྲབ་སྟོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་27ཉིན། 09:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།གདོད་མའི་རྣམ་པའི་དངོས་ལྗོངས་ཟློས་གར་<<རྒྱལ་རྩེའི་རྗེས་ཤུལ་>>རྒྱལ་རྩེ་རྫོང་
དུ་འཁྲབ་སྟོན་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཉེ་དུས་ས་གནས་དེ་གའི་འཁྲབ་སྟོན་པ་320ལྷག་ཙམ་ཞུགས་པའི་གདོད་མའི་རྣམ་པའི་ལོ་རྒྱུས་མཚོན་པའི་སྙན་ངག་གི་དངོས་ལྗོངས་ཟློས་གར་ཆེ་གྲས་<<རྒྱལ་རྩེའི་རྗེས་ཤུལ་>>ཉིན་ལྟར་ས་བབ་མཐོ་ཚད་རྒྱ་མཚོ་ངོས་ལས་སྨི་4000ཡོད་པའི་བོད་ལྗོངས་རྒྱལ་རྩེ་རྫོང་དུ་འཁྲབ་སྟོན་བྱས་པ་རེད། ཟློས་གར་དེ་ལེའུ་ལྔ་རུ་ཕྱེ་ཡོད་པ་སྟེ་རྒྱལ་རྩེའི་གནའ་གྲོང་གི་ལོ་རྒྱུས་རིག་གནས་དང་། རྒྱལ་རྩེའི་མི་དམངས་ཀྱིས་དབྱིན་ཇིའི་བཙན་འཛུལ་པར་འགོག་རྒོལ་བྱེད་པའི་འོད་སྟོང་འཕྲོ་བའི་མཛད་རྗེས། གུང་ཁྲན་ཏང་གིས་རྒྱལ་རྩེར་བཅིངས་འགྲོལ་བཏང་བ། རྒྱ་ཆེའི་བོད་རིགས་ཞིང་འབྲོག་པས་འཚོ་བ་གསར་པ་བསུ་བ་བཅས་ཀྱི་བརྗིད་ཆགས་ལོ་རྒྱུས་མངོན་ཡོད།
         རྒྱལ་རྩེ་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ཁོངས་སུ་གནས་པ་དང་རྒྱ་བོད་བུ་ཕྲུག་གིས་སྲོག་ལ་ཐུག་ཀྱང་དེ་གར་དབྱིན་དམག་འགོག་རྒོལ་དང་ཁྱིམ་སྲུང་རྒྱལ་སྐྱོབ་ཀྱི་དམ་བཅའ་བཞག་པས་རྒྱལ་རྩེར“དཔའ་བོའི་གྲོང”ཞེས་པའི་མཚན་སྙན་ཐོབ་ཡོད། འདི་ནི་ཟླ་8ཚེས་25ཉིན་བོད་ལྗོངས་རྒྱལ་རྩེ་རྫོང་དུ་གདོད་མའི་རྣམ་པའི་དངོས་ལྗོངས་ཟློས་གར་<<རྒྱལ་རྩེའི་རྗེས་ཤུལ་>>འཁྲབ་པའི་གནས་ཚུལ་ཡིན་པ།
    【1】  【2】  【3】  【4】
    ༄༅།།གདོད་མའི་རྣམ་པའི་དངོས་ལྗོངས་ཟློས་གར་<<རྒྱལ་རྩེའི་རྗེས་ཤུལ་>>རྒྱལ་རྩེ་རྫོང་
དུ་འཁྲབ་སྟོན་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།