འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།“ཤིང་བརྐོས་ཐང་ག”ལྷ་སར་འགྲེམས་སྟོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་31ཉིན། 09:18】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།“ཤིང་བརྐོས་ཐང་ག”ལྷ་སར་འགྲེམས་སྟོན་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་29ཉིན་གསར་འགོད་པ་བོད་ལྗོངས་ལྷ་སའི་བཻཌཱུརྱ་བར་མཐོངས་སྒྱུ་རྩལ་འགྲེམས་ཁང་དུ་བསྐྱོད་པ་ཡིན། རྒྱུ་ཆ་ཡག་ཤོས་སྤྱད་ནས་བརྐོས་ཞིབ་ཚགས་བརྒྱབ་པའི་འབུར་བརྐོས་ཐང་ག་དེས་ངའི་འདྲེན་བྱེད་དབང་པོའི་ཡིད་དབང་རྦད་དེ་འཕྲོག་སོང་། འབྲི་རྩལ་ཞིབ་ཅིང་ཕྲ་ལ་རྙོག་འཛིང་ཆེ་བའི་ཐང་གའི་ནང་དོན་ཡོངས་ལག་ཤེས་པའི་ལག་གཉིས་ལ་བརྟེན་ནས་འབུར་གཟུགས་སུ་གྱུར་སྟབས་དེ་གར་ལྟ་སྐོར་དུ་ཡོང་མཁན་ཧང་སངས་དགོས་པ་ཞིག་བཟོས་ཡོད།
         ཉིན་དེར་དེ་གར“ཀྲུང་གོའི་བཟོ་བཀོད་མཛེས་རིས་མཁས་ཅན་ཐུང་ཡུང་ཆོན་གྱི་སྤུས་དག་ཐང་གའི་འགྲེམས་སྟོན”གྱི་འགོ་འཛུགས་མཛད་སྒོ་གཉེར་བ་རེད། དེ་རྗེས་འགྲེམས་ཁང་ནང་སྒྱུ་རྩལ་མཁས་ཅན་དེས་ལོ་5སྤྱད་ནས་གསར་གཏོད་བྱས་པའི་སྒྱུ་རྩལ་སྤུས་དག་འགྲེམས་སྟོན་བྱས་པ་རེད།
         ཐང་གའི་བཟོ་བཀོད་ཐད་བྲིས་རིས་ཕུད། ད་དུང་འཚེམ་དྲུབ་དང་ལྷན་འདེབས་སོགས་ཡོད། འོན་ཀྱང་ཤིང་བརྐོས་དེ་རྒྱལ་ནང་དུ་ཐོན་ཐེངས་དང་པོ་རེད།
         དེ་ལྟར་སྔར་མེད་གསར་གཏོད་དང་ཐང་གའི་ཉམས་འགྱུར་ཡོངས་སུ་མཚོན་པའི་སྒྱུ་རྩལ་རྣམ་པ་དེའི་གསར་གཏོད་བསམ་ཕྱོགས་དང་དོན་སྙིང་དེ་གང་ཡིན་ནམ། བོད་ལྗོངས་མཛེས་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཡུས་ཡེའུ་ཤིན་གྱིས་ཐང་གར་ལོ་ངོ་1300ལྷག་ཙམ་གྱི་འཕེལ་རྒྱས་ལོ་རྒྱུས་ལྡན་ཡོད། བོད་དུ་ཤིང་བརྐོས་ཡོད་ཀྱང་ཤིང་བརྐོས་ཐང་ག་བཞེངས་སྲོལ་མེད། འདི་ནི་བོད་བརྒྱུད་ནང་བསྟན་སྒྱུ་རྩལ་ཐད་གསར་གཏོད་བྱས་པ་ཞིག་རེད་ཅེས་བཤད་པ་རེད།
         བོད་ཀྱི་ཐང་གའི་རིགས་གཅིག་མཁས་ཅན་ཧོ་ཅིང་གིས་ཤིང་བརྐོས་ཐང་གའི་སྒྱུ་རྩལ་ལག་ཤེས་ཐད་བོད་རིགས་ཐང་གའི་འབྲི་རྩལ་གྱི་ཐིག་ཚད་དང་ངོ་མཚར་ཆེ་ལ་ཞིབ་ཅིང་ཕྲ་བའི་འབྲི་རྒྱུན་རྒྱུན་འཛིན་ནན་པོ་བྱས་པ་དང་ཆབས་ཅིག་རྒྱ་རིགས་ཀྱི་རིག་གནས་ནང་གི་ཤིང་བརྐོས་ལག་ཤེས་དང་ཟུང་འབྲེལ་བྱས་ཡོད་པས་དེ་ནི་རྒྱ་བོད་རིག་གནས་སྤེལ་རེས་ཀྱི་སྙིང་བཅུད་ཞིག་རེད་ཅེས་ངོ་སྤྲོད་བྱས་པ་རེད།
         ཡུས་ཡེའུ་ཤིན་གྱིས་ད་ཐེངས་འགྲེམས་སྟོན་བྱས་པའི་བརྩམས་ཆོས་དེར་ལོ་5འགོར་བ་དང་ནང་ས་དང་བོད་ལྗོངས། ཀྲུང་ཧྭའི་དབུས་རྒྱུད་དང་མཐའ་མཚམས་ཀྱི་རིག་གནས་སྣ་མང་ཟུང་འབྲེལ་འཕེལ་རྒྱས་ཕྱིན་པའི་ལོ་རྒྱུས་ཀྱི་གྲུབ་འབྲས་ཤིག་རེད་ཅེས་བཤད་པ་རེད།
    【1】  【2】  【3】  【4】
    ༄༅།།“ཤིང་བརྐོས་ཐང་ག”ལྷ་སར་འགྲེམས་སྟོན་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།