འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་གཞིས་རྩེའི་ས་ཡོམ་གནོད་ཐེབས་མང་ཚོགས་བཀོད་སྒྲིག་བྱ་ཡུལ་གྱི་དང་བླངས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་28ཉིན། 09:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་གཞིས་རྩེའི་ས་ཡོམ་གནོད་ཐེབས་མང་ཚོགས་བཀོད་སྒྲིག་བྱ་ཡུལ་གྱི་དང་བླངས་པ།
         མི་དམངས་དྲ་བའི་འཕྲིན། "4.25"ས་ཡོམ་བྱུང་ནས་ཟླ་བ་བཞི་ལྷག་ཙམ་ཕྱིན་པ་རེད། ས་ཡོམ་གྱི་གནོད་འཚེ་ཚབས་ཆེན་ཐེབས་པའི་དབང་གིས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གཉའ་ལམ་རྫོང་འགྲམ་གྲོང་རྡལ་གྱི་སྤང་གྲོང་ཚོའི་གྲོང་མི་ཁག་གཅིག་གཞིས་རྩེ་གྲོང་ཁྱེར་བསམ་གྲུ་རྩེ་བཀོད་སྒྲིག་བྱ་ཡུལ་དུ་གནས་སྤོས་ཡོད། བཀོད་སྒྲིག་བྱ་ཡུལ་དུ་སྤང་གྲོང་ཚོའི་གྲོང་མི་13གྱིས་དང་བླངས་པའི་ཚོགས་པ་བཙུགས་ཏེ་གནས་སྤོའི་གྲོང་མི་325ཡི་རྒྱུན་ལྡན་འཚོ་བ་དང་། རྟེན་མེད་ཁེར་ལུས་རྒན་རྒོན་གྱི་འགྲོ་འདུག་ཟས་སྤྱོད། བཀོད་སྒྲིག་བྱ་ཡུལ་གྱི་ཁོར་ཡུག་འཕྲོད་བསྟེན། དངོས་ཟོག་གཤམ་སྤྲོད་སོགས་ཀྱི་ལས་ཀ་སྒྲུབ་འགན་འཁུར་བཞིན་ཡོད་པ་རེད།
         ཤེས་རྟོགས་བྱུང་བ་ལྟར་ན། གཞིས་རྩེའི་བཀོད་སྒྲིག་བྱ་ཡུལ་གྱི་ས་ཁྱོན་མུའུ་ཁྲི་1000ལྷག་ཙམ་ཟིན་ཡོད་ལ། ད་ལྟ་མྱུར་སྐྱོབ་གུར་1243ཡོད་པ་རེད། མིག་སྔར་འགྲམ་གྲོང་རྡལ་གྱི་གནོད་ཐེབས་མང་ཚོགས་ཚང་མ་བཀོད་སྒྲིག་འོས་ཤིང་འཚམས་པ་བྱས་ཤིང་། བདེ་འཁོད་ཁང་པ་780ཡི་ཨར་ལས་གཙོ་བོ་མང་ཆེ་བ་ལེགས་གྲུབ་བྱས་པས། འདི་ལོའི་ཟླ་9པའི་་ཟླ་མཇུག་ནས་ཟླ་བ་10པའི་ཟླ་འགོར་གནོད་ཐེབས་མང་ཚོགས་གནས་སྤོ་བྱེད་ཐུབ་ཀྱི་རེད།
    ༄༅།།བོད་ལྗོངས་གཞིས་རྩེའི་ས་ཡོམ་གནོད་ཐེབས་མང་ཚོགས་བཀོད་སྒྲིག་བྱ་ཡུལ་གྱི་དང་བླངས་པ།
    ༄༅།།བོད་ལྗོངས་གཞིས་རྩེའི་ས་ཡོམ་གནོད་ཐེབས་མང་ཚོགས་བཀོད་སྒྲིག་བྱ་ཡུལ་གྱི་དང་བླངས་པ།
      

    ཕྱོགས་བསྡུས་གསར་འགྱུར།