འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་གནས་ཐང་འཕར་ཁྲལ་དང་གཉེར་སྐྱོང་དཔྱ་ཁྲལ་
    ཐད་ཀྱི་གཟིགས་སྐྱོང་སྲིད་ཇུས་དེ་2017ལོའི་བར་དུ་ལག་བསྟར་བྱེད་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་31ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ནོར་སྲིད་པུའུ་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས། ཉེ་ཆར་བརྡ་ཐོ་བཏང་ནས། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་འཕེལ་རྒྱས་ལ་མུ་མཐུད་རྒྱབ་སྐྱོར་དང་ལས་གཏོད་ལས་ཞུགས་ལ་སྐུལ་འདེད་གཏོང་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་བ་བརྒྱུད། ད་ལྟ་ལག་བསྟར་བྱེད་བཞིན་པའི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་གནས་ཐང་འཕར་ཁྲལ་དང་གཉེར་སྐྱོང་དཔྱ་ཁྲལ་ཐད་ཀྱི་གཟིགས་སྐྱོང་སྲིད་ཇུས་དེ། 2017ལོའི་ཟླ་12ཚེས་31ཉིན་བར་དུ་ལག་བསྟར་བྱེད་རྒྱུའི་ཐག་བཅད་པ་དེའི་ཐོག་ནས། ཟླ་རེའི་ཕྱིར་འཚོང་ཚད་སྒོར་ཁྲི་3མན་གྱི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་དག་གིས་གནས་ཐང་འཕར་ཁྲལ་དང་གཉེར་སྐྱོང་དཔྱ་ཁྲལ་གནས་སྐབས་སུ་མི་བསྡུ་བའི་གཟིགས་སྐྱོང་སྲིད་ཇུས་དེ་མུ་མཐུད་ལོངས་སུ་སྤྱོད་ཆོག་པ་མཚོན་ཡོད།
         གཉེར་སྐྱོང་དཔྱ་ཁྲལ་དང་གནས་ཐང་འཕར་ཁྲལ་ཐད་ཀྱི་གཟིགས་སྐྱོང་སྲིད་ཇུས་ལ་ཁྱབ་ཁོངས་ཆེ་བའི་ཁྱད་ཆོས་ལྡན་པས། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་མང་པོ་ཞིག་ལ་ཕན་པ་དངོས་ཐོབ་ཡོད། ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་སྡོམ་རྩིས་གྲངས་གཞིའི་ཐོག་མངོན་པར་གཞིགས་ན། འདི་ལོའི་ལོ་སྟོད་དུ་རྒྱལ་ཡོངས་ཀྱི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་དང་། ཁེར་རྐྱང་བཟོ་ཚོང་དུད་ཚང་ཁྱོན་ཁྲི་2700ལྷག་ཙམ་ལ། གནས་ཐང་འཕར་ཁྲལ་དང་གཉེར་སྐྱོང་དཔྱ་ཁྲལ་གནས་སྐབས་སུ་མི་བསྡུ་བའི་གཟིགས་སྐྱོང་སྲིད་ཇུས་ལས། ཁྲལ་དངུལ་སྒོར་དུང་ཕྱུར་399.77ཉུང་དུ་ཕྱིན་པས། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་ནུས་ལྡན་ཐུབ་ཡོད་པ་དང་། མང་ཚོགས་ཡོངས་ཀྱིས་ལས་གཏོད་གསར་གཏོད་བྱེད་རྒྱུར་སྐུལ་འདེད་གཏོང་བའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།