འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་28ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་26ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་སྟེ་མ་རྩ་བསྡུ་སྒྲིལ་བོགས་གཏོང་དང་དངུལ་རྩའི་བོགས་གཏོང་ལས་རིགས་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུའི་བྱེད་ཐབས་གཏན་འཁེལ་བྱས་ནས་དངོས་ཚན་དཔལ་འབྱོར་ལ་དེ་བས་ལེགས་པའི་ངང་ཞབས་འདེགས་ཞུ་བ་དང་། ཕྱིར་གཏོང་ནང་འདྲེན་ལྷུ་ཚིགས་ཀྱི་གྲོན་དངུལ་སྔར་བས་གཙང་བཟོ་དང་ཚད་ལྡན་དུ་བཏང་སྟེ་ཁེ་ལས་འཕེལ་རྒྱས་འགྲོ་རྒྱུར་ཁུར་པོ་ཡང་དུ་གཏོང་བ། སྲིད་ཇུས་བྱེད་ཐབས་གལ་ཆེན་དོན་འཁྱོལ་གྱི་ཕུང་གསུམ་པའི་དཔྱད་དཔོག་སྙན་ཞུ་ཉན་ནས་སྲིད་ཇུས་དོན་འཁྱོལ་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ལ་གཞོགས་འདེགས་བྱ་རྒྱུར་དམ་འཛིན་ནན་པོ་བྱེད་པ། སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་གོ་མིང་ལམ་ལུགས་སྒྱུར་བཅོས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་རྨང་གཞིའི་སློབ་གསོ་འཕེལ་རྒྱས་ཐད་ཤེས་ལྡན་མི་སྣའི་འདེགས་སྐྱོར་མཁོ་འདོན་བྱ་རྒྱུའི་གཏན་འཁེལ་བཅས་བྱས་པ་རེད།
         ཚོགས་འདུའི་ཐོག་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་གོ་མིང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ཚེ། ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ་དང་རྨང་གཞིའི་དགེ་རྒན་སྟོབས་ཤུགས་འགན་ལེན་བྱ་རྒྱུར་ཤུགས་སྣོན་རྒྱག་པའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། ལོ་ཤས་རིང་གི་གཞི་ཁྱོན་ཆེན་པོའི་ཚོད་ལྟ་བྱས་པ་བརྒྱུད་སྒྱུར་བཅོས་ཁྱོན་ཡོངས་ནས་ལག་ལེན་བསྟར་བའི་གོ་སྐབས་ཤར་ཡོད། ཚོགས་འདུའི་ཐོག་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་གོ་མིང་ལམ་ལུགས་སྒྱུར་བཅོས་དེ་རྒྱལ་ཡོངས་སུ་ཁྱོན་ཡོངས་ནས་ལག་ལེན་བསྟར་རྒྱུའི་གཏན་འཁེལ་བྱས་པ་སྟེ། གཅིག་ནས་ཁག་བགོས་ངང་བཙུགས་པའི་སློབ་འབྲིང་དང་སློབ་ཆུང་གི་དགེ་རྒན་གྱི་གོ་མིང(གོ་གནས)མ་ལག་དེ་དམའ་རིམ་དང་། འབྲིང་རིམ། མཐོ་རིམ་བཅས་སུ་གཅིག་གྱུར་བྱེད་པ་དང་། གཉིས་ནས་དཔྱད་གདེང་ཚད་གཞི་བཟོས་ཏེ་དགེ་རྒན་གྱི་སྤྱོད་ཚུལ་དང་། དངོས་ཡོད་གྲུབ་འབྲས། ལག་ལེན་ཉམས་མྱོང་བཅས་ལ་མཐོང་ཆེན་བྱེད་པ་དང་དཔྱད་རྩོམ་དང་སློབ་རྒྱུས་ལ་མཐོང་ཆེ་དྲག་པའི་རྣམ་པར་འགྱུར་བ་གཏོང་བ་དང་འབྲེལ། གྲོང་གསེབ་དང་མཐའ་མཚམས་རྒྱང་རིང་ས་ཁུལ་གྱི་དགེ་རྒན་ལ་གཟིགས་སྐྱོང་བྱ་རྒྱུ་ཡིན་པ། གསུམ་ནས་ལས་རིགས་གཅིག་པའི་རིགས་གཅིག་མཁས་ཅན་གྱིས་དཔྱད་ཞིབ་བྱ་རྒྱུ་རྨང་གཞིར་བྱས་པའི་དཔྱད་གདེང་ལམ་སྲོལ་འཛུཌ་པ་དང་འབྲེལ་གྲུབ་འབྲས་ཡོངས་བསྒྲཌ་དང་ལྟ་སྐུལ་དང་ལེན་བྱེད་པ། བཞི་ནས་གོ་མིང་དཔྱད་ཞིབ་དང་ལས་གནས་ཐོག་གདན་ཞུས་སྐུལ་སྤྱོད་བྱ་རྒྱུ་ཟུང་འབྲེལ་བྱས་ནས་མི་ནུས་གང་ཡོད་འདོན་ཐུབ་པ་བྱེད་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།