འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུལ་ཤུལ་ཁོངས་ཀྱི་བྲག་རི་གཡང་གཟར་དུ་ཆགས་པའི་སྤུ་རི་ནམ་མཁའ་རྫོང་གི་རྗེས་ཤུལ་དུ་མིང་
    རྒྱལ་རབས་དུས་ཐོག་མའི་སྐབས་ཀྱི་ལྡེབས་རིས་རྙེད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་26ཉིན། 17:08】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཡུལ་ཤུལ་ཁོངས་ཀྱི་བྲག་རི་གཡང་གཟར་དུ་ཆགས་པའི་སྤུ་རི་ནམ་མཁའ་རྫོང་གི་རྗེས་ཤུལ་དུ་མིང་
རྒྱལ་རབས་དུས་ཐོག་མའི་སྐབས་ཀྱི་ལྡེབས་རིས་རྙེད་པ།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་རིག་དངོས་ལས་ཀ་བྱེད་མཁན་དང་འབྲེལ་ཡོད་ཆེད་མཁས་ཀྱིས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་ཁོངས་སུ་མིང་རྒྱལ་རབས་དུས་ཐོག་མའི་སྐབས་ཀྱི་བོད་བརྒྱུད་ནང་བསྟན་གྱི་ལྡེབས་རིས་འགའ་བརྙེད་པ་རེད།  ལྡེབས་རིས་དེ་ཚོ་ནི་བྲག་རི་གཡང་གཟར་དུ་ཆགས་པའི་སྤུ་རི་ནམ་མཁའ་རྫོང་དུ་རྙེད་པ་དང་། དགོན་པ་དེ་རྫོང་མཁར་བར་སྤྱི་ལེ་60ལྷག་གི་ལམ་ཐག་ཡོད། སྤུ་རི་ནམ་མཁའ་རྫོང་གི་རྗེས་ཤུལ་ནི་བྲག་རི་གཡང་གཟར་གྱི་སྟེང་དུ་ཡོད་པ་དང་རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཚད་སྨི་4100ཡོད་པས། ལས་སྒྲུབ་མི་སྣ་ཚོས་རྟ་བཞོན་ནས་ཆུ་ཚོད་3བསྐྱོད་རྗེས་ད་གཟོད་སྤུ་རི་ནམ་མཁའ་རྫོང་རྗེས་ཤུལ་དུ་སླེབས་པ་རེད། 
    【1】  【2】  【3】  【4】  【5】  【6】  【7】  【8】
    ༄༅།།ཡུལ་ཤུལ་ཁོངས་ཀྱི་བྲག་རི་གཡང་གཟར་དུ་ཆགས་པའི་སྤུ་རི་ནམ་མཁའ་རྫོང་གི་རྗེས་ཤུལ་དུ་མིང་
རྒྱལ་རབས་དུས་ཐོག་མའི་སྐབས་ཀྱི་ལྡེབས་རིས་རྙེད་པ།
      

    ཕྱོགས་བསྡུས་གསར་འགྱུར།