འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་28ཉིན།
  • མི་དམངས་དྲ་བ།>>འཕྲིན་གསར་གཡུ་ཡི་མེ་ལོང་།

    ༄༅།།བོད་ལྗོངས་ཀྱིས་བོད་ཀྱི་རིག་གནས་དོན་སྙིང་གསར་གཏོད་གསོ་སྐྱོང་ལྟེ་གནས་དངོས་སུ་
    སྐྲུན་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་28ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཚོང་འཕྲིན་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་བོད་ལྗོངས་ཀྱི་བོད་ཀྱི་རིག་གནས་དོན་སྙིང་གསར་གཏོད་གསོ་སྐྱོང་ལྟེ་གནས་དེ་ཀྲུང་གོ་བོད་ལྗོངས་ཡུལ་སྐོར་རིག་གནས་དོན་སྙིང་གསར་གཏོད་གླིང་དུ་རྨང་རྡོ་འདིང་བའི་མཛད་སྒོ་འཚོགས་པ་རེད། གླིང་ཧྲིལ་པོའི་ཆ་ལག་ཚང་བའི་རིག་གནས་དོན་སྙིང་གསར་གཏོད་ཁེ་ལས་གསོ་སྐྱོང་རྣམ་གྲངས་ཡིན་པའི་ལྟེ་གནས་དེའི་དམིགས་ཡུལ་ནི་རིག་གནས་དོན་སྙིང་གསར་གཏོད་ཐོན་ལས་ལྟེ་བར་བྱས་ཏེ་བོད་ཀྱི་རིག་གནས་ལ་ཞིབ་འཇུག་གཏིང་ཟབ་དང་བོད་ཀྱི་སྒྱུ་རྩལ་བརྩམས་ཆོས་གསར་སྤེལ་གཏིང་ཟབ་ལ་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་དེ་རེད།
         བོད་ལྗོངས་ཤུན་ཅེ་རིག་གནས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཡན་མོང་ཡུན་གྱིས་མཛད་སྒོའི་ཐོག་ན་ནིང་གི་ཟླ་12ཚེས་8ཉིན་ཀྲུང་གོའི་བོད་ལྗོངས་རིག་གནས་ཡུལ་སྐོར་དོན་སྙིང་གསར་གཏོད་གླིང་དོ་དམ་ཨུ་ལྷན་དང་ཐའེ་དབན་ཅན་ཤུན་ཁེ་ལས་ཚོགས་པས་བོད་ལྗོངས་བོད་ཀྱི་རིག་གནས་དོན་སྙིང་གསར་གཏོད་གསོ་སྐྱོང་ལྟེ་གནས་རྣམ་གྲངས་གསར་སྤེལ་འཛུགས་སྐྲུན་གྱི་གྲོས་མཐུན་དངོས་སུ་བཞག་ནས་བོད་ལྗོངས་ཀྱི་བོད་ཀྱི་རིག་གནས་དོན་སྙིང་གསར་གཏོད་གསོ་སྐྱོང་ལྟེ་གནས་དངོས་སུ་འཛུགས་སྐྲུན་བྱེད་འགོ་ཚུགས་པ་རེད། ལྟེ་གནས་དེ་ནི་གླིང་ཧྲིལ་པོའི་ཆ་ལག་ཚང་བའི་རིག་གནས་དོན་སྙིང་གསར་གཏོད་ཁེ་ལས་གསོ་སྐྱོང་རྣམ་གྲངས་ཡིན་པས། རྣམ་གྲངས་ཀྱི་སྤྱིའི་འཆར་འགོད་ཀྱི་ས་ཆའི་རྒྱ་ཁྱོན་མུའུ་36ཟིན་པ་དང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་1.96བཏང་བ། འཛུགས་སྐྲུན་དུས་ཡུན་ལོ་ཕྱེད་ཡིན་པ་རེད།
         “དེའི་དམིགས་ཡུལ་ནི་རིག་གནས་དོན་སྙིང་གསར་གཏོད་ཐོན་ལས་ལྟེ་བར་བྱེད་པ་དང་། བོད་ཀྱི་རིག་གནས་ཐོན་ལས་དོན་སྙིང་གསར་གཏོད་ཇུས་འགོད་དང་། ཇུས་འགོད་འཆར་འགོད། ཁེ་ལས་གསོ་སྐྱོང་། མཐོང་འཛིན་སྒྱུ་རྩལ་འགྲེམས་སྟོན། དོན་སྙིང་གསར་གཏོད་བཟོ་ཁང་། དོན་སྙིང་གསར་གཏོད་མྱོང་རོལ། གློག་རྡུལ་ཚོང་དོན། དོན་སྙིང་གསར་གཏོད་གསོལ་མགྲོན་ཁང་། SOHOབློ་གསར་སྣོད་བཅུད་འཚོ་སྡོད་སོགས་གཅིག་དུ་བསྡུས་པའི་རྩེར་སོན་དང་རིག་ནུས་ཀྱི་རིག་གནས་སྡེ་ཁུལ་ཞིག་གཏོད་ཆེད་ཡིན”ཡན་མོང་ཡུན་གྱིས་ཀྲུང་གོ་བོད་ལྗོངས་ཡུལ་སྐོར་རིག་གནས་དོན་སྙིང་གསར་གཏོད་གླིང་དེ་མིག་སྔར་བོད་ཀྱིས་འཛམ་གླིང་གི་རིག་གནས་དང་སྦྲེལ་མཐུད་བྱེད་པའི་མཐོ་སར་བརྩིས་ནས་ལྷ་སའི་རེས་སྐོར་གསར་པའི་དཔལ་འབྱོར་སྒུལ་བྱེད་ཡིན་པའི་གླིང་དེ་ཕོ་བྲང་པོ་ཏ་ལའི་མདུན་ངོས་ཀྱི་གཙང་པོའི་ངོགས་སུ་གནས་ཏེ། བོད་མི་རིགས་ཀྱི་གཏིང་ཟབ་ཁྱད་འཕགས་ཀྱི་སྲོལ་རྒྱུན་རིག་གནས་ལ་བརྟེན་ནས་བོད་མི་རིགས་ཀྱི་བཟོ་སྐྲུན་དང་མི་རིགས་ཀྱི་མཆོག་ནོར་སོགས་ཁྱོན་ཡོངས་ནས་ངོམས་རྒྱུ་རེད། བོད་ལྗོངས་ཀྱི་བོད་ཀྱི་རིག་གནས་གསོ་སྐྱོང་ལྟེ་གནས་བསྐྲུན་རྗེས། བོད་ཀྱི་རིག་གནས་ལ་ཞིབ་འཇུག་གཏིང་ཟབ་དང་བོད་ཀྱི་སྒྱུ་རྩལ་བརྩམས་ཆོས་གསར་སྤེལ་གཏིང་ཟབ་བྱ་རྒྱུར་ལེགས་སྐྱེས་འབུལ་ཐུབ་རྒྱུ་ཡིན་པའི་ཡིད་ཆེས་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།