འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།བཅོལ་དངུལ་དང་དངུལ་བུན་གྱི་གཞི་འཛིན་སའི་སྐྱེད་ཚད་དང་བཅོལ་དངུལ་གྱི་གྲ་སྒྲིག་
    དངུལ་ཚད་དམའ་རུ་གཏོང་རྒྱུའི་གཏན་འཁེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་28ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་མི་དམངས་དངུལ་ཁང་གིས་ཁེ་ལས་ཀྱི་མ་དངུལ་མཉམ་བསྲེས་ཀྱི་མ་གནས་སྔར་བས་དམའ་རུ་གཏོང་ཕྱིར། 2015ལོའི་ཟླ་8ཚེས་26ཉིན་ནས་དངུལ་རྩའི་སྒྲིག་གཞིའི་མི་དམངས་ཤོག་སྒོར་གྱི་དངུལ་བུན་དང་བཅོལ་དངུལ་གྱི་གཞི་འཛིན་སའི་སྐྱེད་ཚད་དམའ་རུ་གཏོང་རྒྱུའི་གཏན་འཁེལ་བྱས་པ་རེད། དེའི་ནང་དངུལ་རྩའི་ས་སྒྲིག་གཞིའི་དུས་ཡུན་ལོ་གཅིག་གི་དངུལ་བུན་གྱི་གཞི་འཛིན་སའི་སྐྱེད་ཚད་བརྒྱ་ཆའི་གྲངས་0.25སྟེ་4.6%བར་དམའ་རུ་གཏོང་རྒྱུ་དང་། དུས་ཡུན་ལོ་གཅིག་གི་བཅོལ་དངུལ་གྱི་གཞི་འཛིན་སའི་སྐྱེད་ཚད་བརྒྱ་ཆའི་གྲངས་0.25སྟེ་1.75%བར་དམའ་རུ་གཏོང་རྒྱུ། རིམ་པ་གཞན་གྱི་དངུལ་བུན་དང་དེ་བཞིན་བཅོལ་དངུལ་གྱི་གཞི་འཛིན་སའི་སྐྱེད་ཚད་དང་མི་སྒེར་གྱི་སྡོད་ཁང་སྤྱི་གསོག་དངུལ་གྱི་བཅོལ་དངུལ་དང་དངུལ་བུན་གྱི་སྐྱེད་ཚད་བབ་བསྟུན་ངང་ལེགས་སྒྲིག་བཅས་བྱ་རྒྱུ་ཡིན་པ་རེད།
         དངུལ་ཁང་མ་ལག་ཀྱི་འཁོར་རྒྱུག་རང་བཞིན་ལུགས་མཐུན་རྒྱུན་འཁྱོངས་བྱེད་པ་དང་དངུལ་ལོར་གྱི་ཡིད་རྟོན་དངུལ་བུན་བརྟན་པོ་དང་འོས་འཚམ་ངང་འཕར་བར་སྣེ་ཁྲིད་བྱ་ཕྱིར། 2015ལོའི་ཟླ་9ཚེས་6ཉིན་ནས་བཟུང་དངུལ་རྩའི་སྒྲིག་གཞིའི་མི་དམངས་ཤོག་སྒོར་བཅོལ་དངུལ་གྱི་གྲ་སྒྲིག་དངུལ་ཚད་བརྒྱ་ཆའི་གྲངས་0.5དམའ་རུ་གཏོང་རྒྱུ་ཡིན་པ་རེད། དུས་མཚུངས་དངུལ་རྩའི་སྒྲིག་གཞིས“ཞིང་གསུམ”དང་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་རྒྱབ་སྐྱོར་བྱེད་ནུས་སྔར་བས་ཆེ་རུ་གཏོང་ཕྱིར། རྫོང་ཁོངས་ཀྱི་གྲོང་གསེབ་ཚོང་ལས་དངུལ་ཁང་དང་། ཞིང་ལས་མཉམ་ལས་དངུལ་ཁང་། གྲོང་གསེབ་ཡིད་རྟོན་ཁང་། གྲོང་ཚོ་དང་གྲོང་རྡལ་གྱི་དངུལ་ཁང་སོགས་གྲོང་གསེབ་ཀྱི་དངུལ་རྩའི་སྒྲིག་གཞིའི་གྲ་སྒྲིག་དངུལ་ཚད་བརྒྱ་ཆའི་གྲངས་0.5ཚད་འདས་ངང་དམའ་རུ་གཏོང་རྒྱུ་དང་། འཛད་སྤྱོད་རྒྱ་ཆེར་གཏོང་བའི་ནུས་པ་སྔར་བས་འདོན་སྤེལ་བྱེད་པར་ལྕག་སྐུལ་བྱ་ཕྱིར། དངུལ་རྩ་བོགས་མར་གཏོང་ལེན་ཀུང་སི་དང་རླངས་འཁོར་དངུལ་རྩ་ཀུང་སིའི་གྲ་སྒྲིག་དངུལ་ཚད་བརྒྱ་ཆའི་གྲངས་3ཚད་འདས་ངང་དམའ་རུ་གཏོང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།