འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིང་རར་ལོ་ལེགས་བྱུང་སོང་། ཨམ་ཕྲག་དངུལ་གྱིས་ཁེངས་སོང་།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་26ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཞིང་རར་ལོ་ལེགས་བྱུང་སོང་། ཨམ་ཕྲག་དངུལ་གྱིས་ཁེངས་སོང་།
         མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་ཉིང་ཁྲི་གྲོང་ཁྱེར་གྱིས་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་བའི་ལས་འགན་ཨང་དང་པོར་དམིགས་པ་དང་ཁྱད་ལྡན་ཐོན་ཁུངས་གཞི་འཛིན་སར་བྱས་ཏེ་ཁྱད་ལྡན་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་བྱེད་པ་དང་ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་བཏོད་དེ“ཁུལ་གཅིག་དང་རྟེན་གཞི་བཞིར”སྐུལ་འདེད་བཏང་བ་སྟེ། ཤིང་འབྲས་ཐོན་ལས་ཁུལ་དང་བོད་ཕག་གསོ་ཚགས་ལས་སྣོན་རྟེན་གཞི་དང་། བོད་སྨན་སྨན་རྩྭ་འདེབས་འཛུགས་རྟེན་གཞི། ཇ་ལོ་འདེབས་འཛུགས་རྟེན་གཞི། སྔོ་ཚལ་ཐོན་སྐྱེད་རྟེན་གཞི་བཅས་འཛུགས་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཡོད་པས། ད་ཆ་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་15དང་། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་401ཡོད་པ་དང་ཁྱད་ལྡན་ཞིང་འབྲོག་ལས་ཐོན་ལས་ཅན་དང་། གཅིག་སྡུད་ཅན། གཞི་ཁྱོན་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་མངོན་གསལ་དོད་པོ་ཕྱིན་ཡོད་པ་རེད།
         ན་ནིང་ལོ་མཇུག་བར་ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་གསེབ་ཀྱི་དཔལ་འབྱོར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་20.9ཟིན་པ་དང་། ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་10026ཟིན་པ། གྲོང་ཁྱེར་ཡོངས་ཀྱི་ཁྱད་ལྡན་ཞིང་འབྲོག་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་5.4ཟིན་ཡོད་པ་རེད།
         སྨན་གླིང་ཞིང་ར་ནི་བོད་རང་སྐྱོང་ལྗོངས་ཀྱི་གཞུང་ཁོངས་ཞིང་ལས་གསར་སྦོལ་ཁེ་ལས་4ཡི་གྲས་ཤིག་ཡིན་པ་དང་1960ལོར་བཙུགས་ཤིང་། ད་ཆ་ཕུའུ་ཅན་ཞིང་ཆེན་ལུང་ཡན་གྲོང་ཁྱེར་གྱི་ཁ་གཏད་བོད་སྐྱོར་བྱ་ཡུལ་ཡིན་པ་རེད། ཞིང་ར་ཡོངས་སུ་ས་ཞིང་མུའུ་9800ཡོད་པ་དང་བོད་ཀྱི་ས་མཐོའི་སྤུས་ལེགས་ཤིང་འབྲས་ཐོན་སྐྱེད་རྟེན་གཞི་དང་། ཤིང་འབྲས་སྡོང་ཕྲུག་འདེབས་གསོ་རྟེན་གཞི། ས་མཐོའི་སྣོད་བཅུད་གསོ་ཚགས་རྟེན་གཞི། ས་མཐོའི་རྒུན་འབྲུམ་འདེབས་འཛུགས་རྟེན་གཞི། ཁྱད་ལྡན་མེ་ཏོག་གསོ་ཚགས་རྟེན་གཞི། བོད་སྨན་སྨན་རྩྭ་འདེབས་འཛུགས་རྟེན་གཞི་བཅས་ཆེ་ཤོས་སུ་གྱུར་ཡོད་པ་རེད།
         སྨན་གླིང་ཞིང་རའི་རྒུན་འབྲུམ་འགྱིག་ཤོག་དྲོད་ཁང་ཆེ་མོར་ཉིང་ཁྲི་གྲོང་ཁྱེར་གྱི་རྒྱལ་ཡོངས་ངལ་རྩོལ་དཔེ་བཟང་བ་བཀྲ་ཤིས་ཀྱིས་ངས་རྒུན་འབྲུམ་ཞིང་ར་གཉེར་སྐྱོང་བྱས་ནས་ལོ་12ཕྱིན་སོང་། ཁྱོན་འགྱིག་ཤོག་དྲོད་ཁང་100ལྷག་ཙམ་འགན་གཙང་བླངས་པར་ལོ་རེར་ཡོང་འབབ་སྒོར་ཁྲི་20ཡོང་གི་འདུག་ཅེས་བཤད་བྱུང་།
         བཀྲ་ཤིས་ཀྱིས“དེ་སྔ་དེ་ཁུལ་དུ་ཤིང་འབྲས་སྣ་ཁ་ཧ་ཅང་ཉུང་མོད། བོད་སྐྱོར་ལས་བྱེད་པས་ཀྭ་རིགས་དང་ཤིང་འབྲས་ཀྱི་སྣ་ཁ་མང་པོ་ཁྱེར་འདུག་པས་ང་ཚོས་རྒུན་འབྲུམ་འདེབས་འཛུགས་བྱེད་འགོ་ཚུགས་པ་དང་ཤིས་ཀྭ་དང་ཀུ་ཤུ་བཏབ་པས་ས་མཐོར་རྒུན་འབྲུམ་དང་ཤིས་ཀྭ་མེད་པའི་ལོ་རྒྱུས་མཇུག་འགྲིལ་སོང”ཞེས་བཤད་བྱུང་།
         ཕུའུ་ཅན་ལུང་ཡན་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་སྨན་གླིང་ཞིང་རའི་ཁྲང་ཀྲང་ཤའོ་ཧྭ་ཤིན་གྱིས“སྨན་གླིང་ཞིང་རར་ས་མཐོའི་སྤུས་ཚད་མཐོ་བའི་ཤིང་འབྲས་འདེབས་གསོ་རྟེན་གཞི་དང་བོད་ཀྱི་ཤིང་འབྲས་འདེབས་གསོའི་རྟེན་གཞི་ཆེ་ཤོས་བཏོད་དེ་ཕུའུ་ཅན་དང་བོད་ལྗོངས་ཟུང་འབྲེལ་གྱིས་བོད་ཀྱི་ཞི་མཐུན་བརྟན་ལྷིང་གི་ སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་བོད་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ཡིན”ཞེས་བཤད་བྱུང་།
         ཤེས་རྟོགས་བྱུང་བར་གཞིགས་ན། སྨན་གླིང་ཞིང་ར་འདི་ལོ་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས“ལྗོངས་ཡོངས་ཀྱི་ཞིང་འབྲོག་ཐོན་ལས་ཅན་གྱི་སྔོན་ཐོན་ཁེ་ལས”སུ་བདམས་པ་དང་། བོད་རིགས་ལས་བཟོས་99%བཟུང་བའི་སྨན་གླིང་ཞིང་རའི་ལས་བཟོས་ན་ནིང་བཏབ་པའི་ཀྭ་རིགས་དང་། ཤིང་འབྲས། སྔོ་ཚལ་བཅས་ཀྱི་ཡོང་འབབ་སྒོར་ཁྲི་400ལྷག་ཙམ་ཟིན་པ་དང་འདེབས་འཛུགས་འགན་གཙང་ལེན་མཁན་དུད་ ཚང་ལ་ལོར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་ལྔ་ཡན་ཟིན་གྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།