འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ཨུ་རུ་སུའི་རིག་གནས་སྒྱུ་རྩལ་སྤེལ་རེས་གཟའ་འཁོར་ཧར་པིན་གྲོང་ཁྱེར་
    དུ་གཉེར་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་28ཉིན། 09:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཀྲུང་གོ་དང་ཨུ་རུ་སུའི་རིག་གནས་སྒྱུ་རྩལ་སྤེལ་རེས་གཟའ་འཁོར་ཧར་པིན་གྲོང་ཁྱེར་
དུ་གཉེར་རྒྱུ་ཡིན་པ།
         མི་དམངས་དྲ་བའི་འཕྲིན། 2015ལོའི་ཟླ་8ཚེས་28ཉིན་ནས་ཟླ་9ཚེས་3ཉིན་བར་ཧར་པིན་གྱི་ཀྲུང་གོ་དང་ཨུ་རུ་སུའི་རིག་གནས་སྒྱུ་རྩལ་སྤེལ་རེས་གཟའ་འཁོར་སྐབས་ཐོག་མ་ཧར་པིན་གྲོང་ཁྱེར་དུ་གཉེར་རྒྱུ་ཡིན་ཞིང་། "སྤེལ་རེས་གཟའ་འཁོར"སྐབས་དང་པོ་འདི་ནི་ཀྲུང་གོ་ཧར་པིན་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་ཨུ་རུ་སུའི་སུ་ཝེར་ཏེ་ལུའོ་ཧྥུའུ་སི་ཁེ་མངའ་སྡེའི་སྲིད་གཞུང་གཉིས་ཀྱིས་མཉམ་དུ་གཙོ་གཉེར་དང་། ཧར་པིན་གྲོང་ཁྱེར་རིག་གནས་དང་གསར་འགྱུར་དཔེ་སྐྲུན་ཅུས་དང་། ཧར་པིན་གྲོང་ཁྱེར་མི་དམངས་སྲིད་གཞུང་ཕྱི་དོན་ཕྱིར་སྡོད་རང་མིའི་ལས་དོན་གཞུང་ལས་ཁང་། ཧར་པིན་གྲོང་ཁྱེར་ཡུལ་སྐོར་ཅུས་བཅས་ཀྱིས་མཉམ་དུ་གཉེར་འགན་འཁུར་བ། ཧེ་ལུང་ཅང་ཅཱ་ཞིན་ས་ཁང་བདག་ཁོངས་གསར་སྤེལ་ཚད་ཡོད་ཀུང་སིས་རོགས་གཉེར་བཅས་བྱས་ཏེ"སྒྱུ་རྩལ་རྒྱུད་འཛིན་དང་། ཞི་བདེ་དབྱངས་སུ་གྱེར་བ། སྤེལ་རེས་རྒྱ་བསྐྱེད། མཉམ་ལས་འཕེལ་རྒྱས"ཞེས་པ་བརྗོད་བྱ་གཙོ་བོ་བྱས་ཏེ་ཧར་པིན་གྲོང་ཁྱེར་དེ་ཉིད་ཀྲུང་གོ་དང་ཨུ་རུ་སུ་མཉམ་ལས་བྱེད་པའི་ལྟེ་བའི་གྲོང་ཁྱེར་དུ་འཛུགས་སྐྲུན་བྱེད་རྒྱུར་རྐང་པ་འཛུགས་པ་དང་། ཧེ་ལུང་ཅང་གི་སྐམ་ས་དང་མཚོ་ཐོག་གི་དར་གོས་འགྲུལ་ལམ་དཔལ་འབྱོར་ས་རྒྱུད་འཛུགས་སྐྲུན་ལ་ཞབས་འདེགས་ཤུགས་ཆེན་ཞུས་ཏེ་ཧར་པིན་གྲོང་ཁྱེར་དེ་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་ཡིན་པའི་གྲོང་ཁྱེར་གྱི་གཟུགས་བརྙན་དང་མཚན་སྙན་སྔར་ལས་ཆེ་རུ་གཏོང་རྒྱུ་རེད།
    ༄༅།།ཀྲུང་གོ་དང་ཨུ་རུ་སུའི་རིག་གནས་སྒྱུ་རྩལ་སྤེལ་རེས་གཟའ་འཁོར་ཧར་པིན་གྲོང་ཁྱེར་
དུ་གཉེར་རྒྱུ་ཡིན་པ།
    ༄༅།།ཀྲུང་གོ་དང་ཨུ་རུ་སུའི་རིག་གནས་སྒྱུ་རྩལ་སྤེལ་རེས་གཟའ་འཁོར་ཧར་པིན་གྲོང་ཁྱེར་
དུ་གཉེར་རྒྱུ་ཡིན་པ།
    ༄༅།།ཀྲུང་གོ་དང་ཨུ་རུ་སུའི་རིག་གནས་སྒྱུ་རྩལ་སྤེལ་རེས་གཟའ་འཁོར་ཧར་པིན་གྲོང་ཁྱེར་
དུ་གཉེར་རྒྱུ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།