འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།སྐལ་བཟང་མེ་ཏོག་གངས་ལྗོངས་ས་མཐོར་བཞད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་25ཉིན། 18:38】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།སྐལ་བཟང་མེ་ཏོག་གངས་ལྗོངས་ས་མཐོར་བཞད་པ།
         མི་དམངས་དྲ་བའི་འཕྲིན། སྐལ་བཟང་མེ་ཏོག་ནི་བོད་ལྗོངས་མི་དམངས་ཀྱི་སེམས་ནང་གི་ཆེས་མཛེས་པའི་མེ་ཏོག་ཡིན་ལ། མཐོ་སྒང་གི་བུ་ཕྲུག་ཚོས་བཀྲ་ཤིས་བདེ་སྐྱིད་ལ་རེ་འདོད་ཧ་ཅང་ཆེན་པོ་བྱེད་པའི་སེམས་འདུན་བཅོལ་ཡོད། ལོ་50ཡི་སྔོན་དུ་ལོ་རྒྱུས་ཡར་ཐོན་འགྲོ་ཕྱོགས་དང་བོད་ལྗོངས་མི་དམངས་ཀྱི་རེ་འདུན་ལ་བསྟུན་ནས་བོད་རང་སྐྱོང་ལྗོངས་དངོས་སུ་དབུ་བརྙེས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དེ་གངས་ལྗོངས་ས་མཐོའི་སྟེང་དུ་རྩ་བ་བཙུགས་ཏེ་མྱུ་གུ་འབུས་པ་རེད། ལམ་ལུགས་ཤིག་གི་སྟོབས་ཤུགས་ཀྱིས་བོད་ལྗོངས་མི་རིགས་སོ་སོའི་བུ་ཕྲུག་ཚོའི་བདེ་སྐྱིད་སྲུང་སྐྱོང་བྱེད་འགོ་བརྩམས་པ་ནས་སྐལ་བཟང་མེ་ཏོག་གངས་ལྗོངས་ས་མཐོའི་ཡུལ་གྲུ་ཀུན་ཏུ་བཞད་ཅིང་སྔར་ལས་མཚོན་མདངས་བཀྲ་བར་གྱུར། ལོ་50ཡི་རིང་དུ་བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་གི་ཡང་དག་པའི་དབུ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག  རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་གནང་བའི་མི་རིགས་ས་ཁོངས་རང་སྐྱོང་ཁེ་དབང་བེད་སྤྱོད་གང་ལེགས་བྱས་ནས་རིམ་བཞིན་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་བོད་ལྗོངས་ཀྱི་ཁྱད་ཆོས་ཀྱང་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་འཚོལ་ཞིབ་བྱས་པ་དང་། སྐྱེ་སྟོབས་ཀྱི་དཔལ་འབར་བའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་དེ་ཉིད་འཛམ་གླིང་གི་ཡང་རྩེ་རུ་ཀྲོང་ངེར་ལངས་པ་རེད།
    【1】  【2】  【3】  【4】  【5】  【6】  【7】
    ༄༅།།སྐལ་བཟང་མེ་ཏོག་གངས་ལྗོངས་ས་མཐོར་བཞད་པ།
      

    ཕྱོགས་བསྡུས་གསར་འགྱུར།