འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།འཇར་མན་དུ་གད་སྙིགས་རིགས་དབྱེའི་ལས་དོན་ཧ་ཅང་ནན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་24ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། དུས་རབས་གོང་མའི་ལོ་རབས་70པར་འཇར་མན་དུ་གད་སྙིགས་རིགས་དབྱེའི་ལས་དོན་སྤེལ་ཚུན་འཚོ་བའི་གད་སྙིགས་ལ་རིགས་དབྱེ་ནན་པོ་བྱེད་པ་དེ་འཇར་མན་བའི་ཞིབ་ཚགས་ལ་གཟབ་ནན་གྱི་ཁྱད་ཆོས་མངོན་པའི་མཚོན་བྱེད་རང་བཞིན་གྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། གསར་འགོད་པ་འཇར་མན་དུ་སྐྱོད་ཐེངས་དང་པོར་ཞག་སྡོད་བྱས་ནས་ཡུན་རིང་མ་སོང་གོང་། སྡོད་ཁང་དོ་དམ་པས་ཁུལ་ནང་གི་ཚོས་གཞི་འདྲ་མིན་སྣ་ཚོགས་ཀྱི་གད་གཞོང་དུ་ཁྲིད་ནས“གད་སྙིགས་རིགས་དབྱེའི་སློབ་གསོ”བརྒྱབ།
         “ཚོས་གཞི་རྫ་མདོག་གི་གད་གཞོང་དུ་སྐྱེ་ལྡན་གད་སྙིགས་བླུག་དགོས་པ་དང་། ཚོས་གཞི་སྔོན་པོའི་གད་གཞོང་དུ་ཤོག་སྙིགས་བླུག་དགོས་པ། ཚོས་གཞི་ནག་པོའི་གད་གཞོང་དུ་ལྟོ་ཆས་ལྷག་མ་བླུག་དགོས་པ་སོགས”གསར་འགོད་པས་དེབ་ཆུང་ཐོག་དེ་དག་འགོད་སྐབས། སྡོད་ཁང་དོ་དམ་པས་གློ་བུར་དུ་ཤོད་མཚམས་བཞག་ནས་ཚོས་གཞི་སེར་པོའི་གད་གཞོང་གི་ཚོས་གཞི་ལྗང་ཁུའི་རྟགས་སྒོར་དབྱིབས་ལ་མཛུབ་མོ་བཙུགས་ནས“ཚོས་གཞི་སེར་པོའི་གད་གཞོང་དུ་བེད་མེད་ཐུམ་སྒྲིལ་འཇོག་དགོས། འོན་ཀྱང་དོ་སྣང་བྱེད་དགོས་པ་ཞིག་ནི་རྟགས“ལྗང་ཁུའི”ཡོད་པའི་ཐུམ་སྒྲིལ་གཞི་ནས་དེའི་ནང་བླུག་ཆོག”ཅེས་བཤད།
         སྡོད་ཁང་དོ་དམ་པས་དྲན་སྐུལ་བྱས་པ་དེ་རྒྱུ་མཚན་མེད་པ་ཞིག་མིན་པར། གསར་འགོད་པས་རྗེས་སུ“ལྗང་ཁུའི”རྟགས་ཡོད་པའི་ནུས་པ་ཆེ་ཆུང་ཤེས། དེ་སྔ་ཁྱིམ་མཚེས་ཞིག་གིས“ལྗང་ཁུའི”རྟགས་མེད་པའི་ཐུམ་སྒྲིལ་མཐའ་དག་ཚོས་གཞི་སེར་པོའི་གད་གཞོང་དུ་བླུགས། ཁོར་ཡུག་འཕྲོད་བསྟེན་པས་གད་སྙིགས་གཙང་སེལ་བྱེད་སྐབས་གནས་ཚུལ་དེ་ཤེས་ཏེ་གད་སྙིགས་གཙང་སེལ་བྱས་མེད་པ་མ་ཟད། སྡོད་ཁང་དོ་དམ་པར་གལ་སྲིད་གནས་ཚུལ་དེ་རིགས་ལེགས་བཅོས་མ་བྱས་ཚེ་ཁྲོམ་ལམ་གྱི་གད་སྙིགས་གཙང་སེལ་རིན་པ་མཐོ་རུ་གཏོང་རྒྱུ་ཡིན་ཞེས་པའི་ཐ་ཚིག་ཡི་གེ་བྲིས། 1991ལོར་འཇར་མན་གྱིས《ཐུམ་སྒྲིལ་སྲོལ་ཡིག》ལ་གྲོས་འཆམ་བྱས་ནས་ཐོན་སྐྱེད་བཟོ་གྲྭ་དང་ཁག་བགོས་བྲིན་ཚོང་ཚོང་པས་ཐོན་རྫས་ཐུམ་སྒྲིལ་ལ་ཕྱོཌ་ཡོངས་ནས་འགན་འཁུར་དགོས་པ་སྟེ་བེད་མེད་ཐུམ་སྒྲིལ་ཚུར་བསྡུ་དང་དེའི་སྤྱོད་གོ་ཆོད་པའི་ཆ་ཤས་ཁག་བསྐྱར་སྤྱོད་དང་སླར་ཡང་འཁོར་རྒྱུག་བྱེད་དགོས་པ་དེ་ཡིན། སྲོལ་ཡིག་དེ་གཞིར་བཟུང་ཁེ་ལས་ཀྱིས་ཐོན་རྫས་ཐུམ་སྒྲིལ་ལ་ཚུར་བསྡུ་བེད་སྤྱོད་བྱས་ནས་གཏན་འབེབས་བཅད་གྲངས་ལེགས་སྒྲུབ་བྱས་པ་དང་འབྲེལ། ངོ་སྤྲོད་ཡི་གེ་འདོན་དགོས།
         DSDཀུང་སིའི་གསར་འགྱུར་མགྲིན་ཚབ་པ་ནོར་སྤེལ་དྷ་·ཕུར་གྱིས་གསར་འགོད་པར་ཀུང་སི་དེའི་རྐང་བདག་དང་ཞུགས་མཁན་ཁེ་ལས་ཡོ་རོབ་ཀྱི་རྒྱལ་ཁབ་28དུ་ཁྱབ་ཡོད་པ་དང་ཧ། ཆ་སྙོམས་ལོ་རེར་བེད་མེད་ཐུམ་སྒྲིལ་དུང་ཕྱུར་4600ཚུར་བསྡུ་བྱས་པ་དེས་ཚུར་བསྡུ་བེད་སྤྱོད་ཀྱི་ལས་ཕྱོད་ཆེ་རུ་ཕྱིན་པ་མ་ཟད། ཁེ་ལས་ཀྱི་མ་གནས་ཀྱང་ཆུང་དུ་བཏང་ཡོད། 1990ལོར་བཙུགས་པ་ནས་བཟུང་DSDཀུང་སིས་གད་སྙིགས་ཏུན་དུང་ཕྱུར་1ཙམ་ཚུར་བསྡུ་བསྐྱར་སྤྱོད་བྱས་ཡོད་ཅེས་བཤད།
         དོན་དངོས་ཐོག་DSDཀུང་སི་འཛམ་གླིང་ཐོག་བེད་མེད་ཐུམ་སྒྲིལ་ཚུར་བསྡུ་དང་དབྱེ་འབྱེད་ལས་སྣོན་རྗེས་ཀྱི་ཐོན་སྐྱེད་བསྐྱར་མར་རྒྱུ་ཆ་མཁོ་འདོན་བྱེད་མཁན་སྒྲིག་གཞི་དང་པོར་གྱུར་དོན་ནི་འཇར་མན་གྱིས་འཁོར་རྒྱུག་དཔལ་འབྱོར་ལ་སྣང་ཆེན་བྱས་པ་དང་ཁ་འབྲལ་ཐབས་མེད།
         1996ལོར་ཁྱབ་བསྒྲགས་བྱས་ནས་ལག་ལེན་བསྟར་བའི《འཁོར་རྒྱུག་དཔལ་འབྱོར་དང་བེད་མེད་དོ་དམ་བཅའ་ཁྲིམས》ཀྱིས་འཇར་མན་གྱི་འཁོར་རྒྱུག་དཔལ་འབྱོར་མ་ལག་གི་ལྟེ་བ་དེ་བས་བརྟན་དུ་བཏང་ཡོད། ད་ཆ་DSDཀུང་སི་ཚུད་པའི་འཇར་མན་གྱི་གད་སྙིགས་བསྐྱར་སྤྱོད་ལས་རིགས་ཀྱིས་ལོ་ལྟར་ཡོ་སྒོར་དུང་ཕྱུར་410བཏོད་ནས་ཐོན་སྐྱེད་ལས་རིགས་ཀྱི་གད་སྙིགས་བསྐྱར་སྤྱོད་བྱེད་པའི་སྡུར་ཚད་ཆ་སྙོམས་50%ཟིན་ཡོད།
         འཇར་མན་རྒྱལ་ཕྲན་མཉམ་འབྲེལ་ཁོར་ཡུག་ཅུས་ཀྱི་གྲངས་གཞི་ལས་མངོན་པར། 2000ལོ་ནས་2012ལོའི་བར་འཇར་མན་གྱི་གད་སྙིགས་འབུད་ཚད་18%ཉུང་དུ་ཕྱིན་ཡོད། གྲུབ་འབྲས་དེ་འཛད་སྤྱོད་པའི་འབད་བརྩོན་དང་ཁ་འབྲལ་ཐབས་མེད། ད་ཕན་ལོ་ཤས་ནང“ཐུམ་སྒྲིལ་མེད་པའི”དངོས་པོ་ཉོ་སྒྲུབ་བྱེད་ཐབས་མུ་འབྲེལ་སྒོ་རྩིས་ཁྲོམ་ར་དང་ཚོང་ཁང་སྤེལ་བ་དེ་འཇར་མན་དུ་དར་འགོ་ཚུགས་ཟིན། 2014ལོའི་བརྟག་དཔྱད་ཅིག་ལས་མངོན་པར། འཇར་མན་བ་90%ཡིས་གད་སྙིགས་རིགས་དབྱེའི་སྒྲིག་སྲོལ་རང་རྟོགས་ངང་བརྩི་སྲུང་ཞུས་པ་དང་80%ཡིས་ཁོར་ཡུག་སྲུང་སྐྱོང་ལ་ལེགས་སྐྱེས་འབུལ་རྒྱུ་ནི་མི་སྒེར་གྱི་ངོས་ནས་བརྗོད་ན་གལ་ཧ་ཅང་ཆེན་པོ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། བཅར་འདྲི་དང་ལེན་བྱེད་མཁན་77%གྱིས་དཔལ་འབྱོར་ཉམས་ཉེན་གྱི་གནས་སུ་གྱར་ཡང་། ཁོར་ཡུག་སྲུང་སྐྱོང་གི་དམིགས་ཚད་ལེགས་སྒྲུབ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་ཞེས་ནན་བཤད་བྱེད་ཀྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།