འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་དུ་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བའི་དྲན་གསོའི་
    མཛེས་རྩལ་འགྲེམས་སྟོན་ཆེ་མོ་གཉེར་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་24ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། རིག་གནས་པུའུ་དང་། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། བཅིངས་འགྲོལ་དམག་སྤྱི་ཁྱབ་ཆབ་སྲིད་དྲིལ་བསྒྲགས་པུའུ། ཀྲུང་གོའི་མཛེས་རྩལ་མཁས་ཅན་མཐུན་ཚོགས་བཅས་ཀྱིས་ཐུན་མོང་ཐོག་གཙོ་སྒྲུབ་བྱས་པའི“ལོ་རྒྱུས་དཔྱད་གཞིར་འཛིན། ཞི་བདེར་གཅེས་སྤྲས་བྱེད—ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བའི་དྲན་གསོའི་མཛེས་རྩལ་བརྩམས་ཆོས་འགྲེམས་སྟོན”དེ་ཚེས་22ཉིན་ཀྲུང་གོའི་མཛེས་རྩལ་ཁང་དུ་འགོ་ཚུགས་པ་དང་། འགྲེམས་ཡུན་ཟླ་9པའི་ཚེས་18ཉིན་བར་ཡིན།
         འགྲེམས་སྟོན་ནང“ལོ་རྒྱུས་བློ་ལ་ངེས། སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ། ཞི་བདེར་གཅེས་སྤྲས་བྱེད། འབྱུང་འགྱུར་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་ཀྲུང་གོ་མཛེས་རྩལ་ཁང་དང་རྒྱལ་ནང་གི་ཞིང་ཆེན་རིམ་པའི་སྒྱུ་རྩལ་སྒྲིག་གཞིའི་ཉར་ཚགས་དངོས་པོ། རྒྱལ་ནང་དུ་འཚོལ་བསྡུ་བྱས་ནས་བདམས་པའི་འབྲེལ་ཡོད་བརྗོད་དོན་གཙོ་བོའི་བརྩམས་ཆོས་ཕུལ་བྱུང་སོགས་ཁག་300དེ་དག་ཀྲུང་གོའི་རི་མོ་དང་། སྣུམ་ཚོན་རི་མོ། བརྐོས་རིས། འཇིམ་རྐོས། ལོ་གསར་རི་མོ། མུ་འབྲེལ་རི་མོ། ཕྱོགས་བསྡུས་དཔྱད་ཡིག་སོགས་སྒྱུ་རྩལ་རྣམ་པ་སྣ་ཚོགས་དང་འབྲེལ་བ་ཡོད་ཅིང་། དུས་ཚོད་ཀྱི་གོ་རིམ་ལྟར“ཁོང་ཁྲོའི་ང་རོ་སྒྲོགས་ཤིག ཀྲུང་གོ”“མི་རིགས་ཡོངས་ཀྱིས་འགོག་རྒོལ་བྱེད”“རྒྱལ་ཁ་དང་ཞི་བདེ”བཅས་ཁག་གསུམ་གྱི་ཆ་ནས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་གི་རྒྱལ་ཁ་རླབས་ཆེན་དང་ལོ་རྒྱུས་དོན་སྙིང་ལ་དྲན་གསོ་དང་ཕྱིར་མཚོན་བྱས་པ་དང་། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་གིས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་རྒྱལ་ཁ་ཐོབ་ཆེད་ལེགས་སྐྱེས་རླབས་ཆེན་ཕུལ་བར་བསྟོད་གླུ་བླངས་ཤིང་། ཆུ་དཀྱིལ་གྱི་ཕ་བོང་ལྟ་བུའི་ཀྲུང་གོ་གུང་ཁྲན་ཏང་གི་ནུས་པ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་འགག་རྩ་ཡིན་པ་མཚོན་པ་དང་། ཀྲུང་གོ་མི་དམངས་ཀྱིས་ཞི་བདེར་གཅེས་སྤྲས་དང་འབྱུང་འགྱུར་གཏོད་པའི་ཧུར་བརྩོན་ཉམས་འགྱུར་ཡང་མངོན་པར་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།