འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།འབྲི་ཆུའི་ཆུ་འགོའི་ཁྲུང་ཁྲུང་མགོ་ཁྲའི་གྲངས་འབོར་2011ལོ་ལས་ལྡབ་2འཕར་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་16ཉིན། 14:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ལྗང་མདོག་གཙང་ཆུའི་རྩ་འཛུགས་ཀྱི་2015ལོའི་ཁྲུང་ཁྲུང་མགོ་ཁྲ་སྲུང་སྐྱོང་རྣམ་གྲངས་ཀྱི་དང་བླངས་པ་ཚོས་ཉེ་ཆར་ཐུ་ཐོག་གཙང་པོའི་རྒྱུད་ཀྱི་དཔལ་ལྡན་མཚེའུ་རུ་ལོ་འཁོར་འདིའི་བརྟག་དཔྱད་ཐེངས་10པ་བྱས་ཤིང་། དེ་ནི་བྱ་རིགས་ལ་བརྟག་དཔྱད་བྱེད་ཐེངས་མཇུག་ཤོས་དེ་ཡིན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། རྒྱ་ཁྱོན་བསྡོམས་འབོར་སྤྱི་ལེ་ངོས་གྲུ་4ཟིན་པའི་དཔལ་ལྡན་མཚེའུ་ནི་ཁྲུང་ཁྲུང་མགོ་ཁྲ་འཚོ་གནས་བྱེད་མང་ཤོས་ཀྱི་ས་ཁུལ་ཞིག་ཡིན་པ་དང་། 2012ལོར་ཁྲུང་ཁྲུང་མགོ་ཁྲ་1170ཡོད་པ་དང་། 2013ལོར་2000ཟིན་ཅིང་། 2014ལོར་མང་ཤོས་སུ་2500ལྷག་ཙམ་ཟིན་གྱི་ཡོད་པ་རེད། འདི་ལོ་འབྲི་ཆུའི་ཆུ་འགོར་བྱ་ཕྲུག་སྐྱེ་མཁན་ཁྲུང་ཁྲུང་མགོ་ཁྲ་ཁྱོན་2761ཟིན་ནས་2011ལོ་ལས་ལྡབ་2འཕར་ཡོད་པ་རེད།
         ཁྲུང་ཁྲུང་མགོ་ཁྲར“མཁའ་དབྱིངས་སུ་འཕུར་མཐོ་ཤོས་ཀྱི་བྱ་རིགས”ཞེས་བརྗོད་ཀྱི་ཡོད་པ་དང་དེས་ཆུ་ཚོད་8ནང་ས་བབ་མཐོ་ཚད་སྨི་9000ཟིན་པའི་ཧི་མ་ལ་ཡའི་རི་རྒྱུད་དུ་ནམ་འཕང་གཅོད་ཐུབ་པ་དང་། མིག་སྔར་གོ་ལ་ཧྲིལ་པོར་གྲངས་འབོར་ཁྲི་7ཡང་ཟིན་གྱི་མེད་པས་སྟོངས་ལ་ཉེ་བའི་སྲོག་ཆགས་ཀྱི་ཁོངས་སུ་གཏོགས་ཀྱི་ཡོད་པ་རེད།
         སྲུང་སྐྱོང་ས་ཚིགས་ཀྱི་ལས་དོན་མི་སྣ་ལིའུ་ཤིས་ཏན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་ལམ་ལོ་ཤས་རིང་ཁུལ་དེའི་ཡུལ་མི་དང་ཕྱི་ནས་ཡོང་བའི་མི་སྣས་དཔལ་ལྡན་མཚེའུ་སོགས་སུ་སྒོ་ང་སྒྲུག་པའི་གནས་ཚུལ་མཐོང་རྒྱུ་མེད་པས། འབྲི་ཆུའི་ཆུ་འགོ་དེ་ཉིད་ཁྲུང་ཁྲུང་མགོ་ཁྲ་སྐྱེ་འཕེལ་གྱི་དགའ་ཚལ་ཞིག་ཏུ་གྱུར་ཡོད་པ་རེད། མིག་སྔར་ལྗང་མདོག་གཙང་ཆུའི་རྩ་འཛུགས་ཀྱིས་འབྲེལ་ཡོད་ཚན་ཞིབ་སྒྲིག་གཞི་དང་འབྲེལ་གཏུག་བྱས་ནས་ཁྲུང་ཁྲུང་མགོ་ཁྲར་སྐེ་ཕྲེང་བཏགས་ནས་ཁྲུང་ཁྲུང་མགོ་ཁྲའི་འཕུར་སྐྱོད་ལམ་བུར་ཞིབ་འཇུག་བྱ་རྒྱུ་དང་དུས་མཚུངས། རྩ་འཛུགས་དེས་ད་དུང་རྒྱ་གར་ཁོར་ཡུག་སྲུང་སྐྱོང་རྩ་འཛུགས་དང་འབྲེལ་བ་བྱས་ནས་སྔ་ཙམ་ཁྲུང་ཁྲུང་མགོ་ཁྲར་ས་ཁོངས་སྒྲོལ་བའི་མཉམ་འབྲེལ་སྲུང་སྐྱོང་ཐུབ་པ་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།