འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཐང་གའི་རིག་གནས་ཞིབ་འཇུག་གི་ཆེད་རྩོམ་གསར་པ་བཅུ་གསུམ་བཏོན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་09ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཐང་གའི་རིག་གནས་ཞིབ་འཇུག་གི་ཆེད་རྩོམ་གསར་པ་བཅུ་གསུམ་བཏོན་པ།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གོ་ཐང་གའི་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱིས་པེ་ཅིང་དུ་ཐང་གའི་རིག་གནས་ཞིབ་འཇུག་གི་ཆེད་རྩོམ་གསར་པ་བཅུ་གསུམ་བཏོན་པ་དེའི་ནང་པར་དེབ་ཡོད་ལ་ཡི་གེའི་ཆེད་རྩོམ་ཡང་ཡོད་པ་མ་ཟད། ད་དུང་ཆེད་རྩོམ་འགྲེལ་བཤད་སོགས་ཚུད་ཡོད་པས། ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་བོད་རིགས་ཀྱི་རིག་གནས་སྒྱུ་རྩལ་ཞིབ་འཇུག་དཔྱད་ཡིག་ལ་གཞི་ཁྱོན་ཆེ་ལ་བརྒྱུད་རིམ་ལྡན་པའི་ངང་འཚོལ་བསྡུ་དང་། ལེགས་སྒྲིག ཕྱོགས་བསྒྲིགས་བཅས་ཐོག་མར་བྱས་པ་ཞིག་ཡིན་པ་རེད། དེབ་དེ་དག་པར་སྐྲུན་བྱས་པ་ལས་ཐང་གའི་རི་མོ་དང་ཞིབ་འཇུག་ཁྱབ་ཁོངས་ཀྱི་སྟོང་ཆ་མང་པོ་བསྐངས་ཡོད་པ་རེད།
         རྒྱལ་ཁབ་ཀྱི་རིམ་པ་དང་པོའི་མཛེས་རྩལ་མཁས་ཅན་དང་། ཀྲུང་གོའི་བོད་རིགས་མཛེས་རྩལ་འདུས་གྲུབ་རྩོམ་སྒྲིག་ཨུ་ལྷན་གྱི་རྩོམ་སྒྲིག་པ་གཙོ་བོ་གཞོན་པ། ཀྲུང་གོའི་ཐང་གའི་རིག་གནས་ཞིབ་འཇུག་ལྟེ་གནས་རིགས་གཅིག་མཁས་ཅན་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཁམས་སྐལ་བཟང་ཡེ་ཤེས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། དཔེ་ཚོགས་དེའི་ཁྲོད་《ཀྲུང་གོའི་ཐང་གའི་སྒྱུ་རྩལ་གྱི་སྤུས་དག་བརྩམས་ཆོས་》དང་《ཀརྨ་སྒར་བྲིས་ལུགས་ཀྱི་ཐང་གའི་སྒྱུ་རྩལ་》སོགས་ཀྱི་པར་དེབ་ནི་མིག་སྔར“འདུས་གྲུབ་བརྩམས་ཆོས་བསྡུ་རུབ”ཅིག་རེད་ཅེས་བརྗོད་ཆོག་ཅིང་། དེར་ནང་དོན་མང་ལ་རིག་གཞུང་ཚད་དང་མཐུན་ཡོད། ཐང་གའི་རིག་གནས་ཞིབ་འཇུག་གི་ཆེད་རྩོམ་དེ་དག་དཔེ་སྐྲུན་བྱས་པའི་དོན་སྙིང་ཆེ་ཤོས་ནི་ཐང་གའི་སྒྱུ་རྩལ་རྒྱུན་འཛིན་དང་སྲུང་སྐྱོང་གི་ནུས་པ་ཐོན་ཡོད་ལ་ཐང་གའི་སྒྱུ་རྩལ་འོས་སྦྱོར་དང་། ཁྱབ་གདལ། དྲིལ་བསྒྲགས་བཅས་ཀྱང་ཐུབ་པ་དེ་རེད།
         གཞན་ཡང་། 《བོད་ཀྱི་ཡིག་གཟུགས་ཀུན་བཏུས་》པར་དེབ་དང་། 《བོད་ཀྱི་ཐང་གའི་སྒྱུ་རྩལ་འགྲེལ་བཤད》 《ཁམས་སྐལ་བཟང་ཡེ་ཤེས་ཀྱི་རྩོམ་ཡིག་ཕྱོགས་བསྒྲིགས་》(དང་པོ་གཉིས་པ་གསུམ་པ་བཅས)སོགས་ཀྱང་མཉམ་དུ་དཔེ་སྐྲུན་བྱས་པ་རེད།
         2013ལོའི་ལོ་མཇུག་ཏུ་བཙུགས་པའི་ཀྲུང་གོའི་ཐང་གའི་རིག་གནས་ཞིབ་འཇུག་ལྟེ་གནས་ནི་རིག་གནས་པུའུ་ཀུང་ཝང་གཟིམས་ཤག་དོ་དམ་ལྟེ་གནས་དང་ཀྲུང་གོའི་རིག་གནས་ཤུལ་བཞག་ཐེབས་རྩ་ལྷན་ཚོགས་བཅས་ཀྱིས་ཐུན་མོང་ཐོག་གྲོས་འགོ་བཏོན་པ་དང་། རིག་གནས་པུའུ་ཡིས་ཆོག་མཆན་སྤྲད་པའི་ཐང་གའི་རིག་གནས་ཞིབ་འཇུག་སྒྲིག་གཞི་ཞིག་ཡིན་པ་རེད། ཀྲུང་གོའི་ཐང་གའི་རིག་གནས་ཞིབ་འཇུག་ལྟེ་གནས་དེས་ཀྲུང་གོའི་ཐང་གའི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུ་དམིགས་ཡུལ་དང་རིག་གཞུང་ཞིབ་འཇུག་དང་། དཔྱད་སྡོམ་དཔྱད་དཔོག སྲུང་སྐྱོབ་ཉམས་གསོ། ཆ་འཕྲིན་དཔྱད་ཡིག་དང་དྲིལ་བསྒྲགས་བཅས་ལས་འགན་གཙོ་བོར་འགྱུར་གྱི་ཡོད་པ་རེད།
    ༄༅།།ཐང་གའི་རིག་གནས་ཞིབ་འཇུག་གི་ཆེད་རྩོམ་གསར་པ་བཅུ་གསུམ་བཏོན་པ།
      

    ཕྱོགས་བསྡུས་གསར་འགྱུར།