འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་དུ་ཚ་གཡོལ་བྱེད་མཁན་གྱི་ཡུལ་སྐོར་བ་མང་དུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་16ཉིན། 14:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་ཀྱི་ས་ཆ་མང་པོར་གནམ་གཤིས་ཚ་པོ་ཤར་བ་དང་ཆབས་ཅིག་བསིལ་གྲང་ཆེ་བའི་མཚོ་སྔོན་དབྱར་དུས་ཀྱི་ཚ་གཡོལ་བྱ་ཡུལ་ཞིག་ཏུ་གྱུར་ཅིང་། མིག་སྔར་མཚོ་སྔོན་ནས་ཕར་འགྲོ་ཚུར་འོང་བྱེད་པའི་འཁོར་ལོའི་སྤ་སེ་དཀོན་དུ་སོང་བ་དང་མཛེས་ལྗོངས་ཁུལ་ཁག་གཅིག་ཏུ་མགྲོན་ཁང་ཡང་དཀོན་པོ་ཡོད་པ་རེད།
         མཚོ་སྔོན་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ལྟེ་གནས་ཀྱིས་ཡོངས་བསྒྲགས་བྱས་པའི་ཆ་འཕྲིན་གསར་ཤོས་ཐོག་ནས་མངོན་པར་གཞིགས་ན། ཟླ་དྲུག་པར་མཚོ་སྔོན་གྱི་ཆ་སྙོམས་དྲོད་ཚད་11.6℃ཡིན་པ་དེ་དབུས་ཤར་རྒྱུད་ཀྱི་གནམ་གཤིས་དྲོད་ཚད་མཐོ་པོ་དང་བསྡུར་ན། ཧེ་བག་ཆེན་པོ་ཡོད་སྟབས་ཚ་གཡོལ་བྱ་ཡུལ་ལེགས་ཤོས་ཤིག་ཏུ་གྱུར་ཡོད།
         མཚོ་སྔོན་ཞིང་ཆེན་ཡུལ་སྐོར་སྤྱི་ཁྱབ་ཀུང་སིའི་འབྲེལ་ཡོད་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ་བ་བདུན་པ་ཤར་རྗེས་ཡུལ་སྐོར་ཁང་ཁག་གིས་ཆ་སྙོམས་ཉིན་རེར་མཚོ་སྔོན་དུ་ཡུལ་སྐོར་ཚོགས་པ་30ཙམ་སྣེ་ལེན་བྱེད་ཀྱི་ཡོད་པས་མཛེས་ལྗོངས་ཁུལ་དཔེར་ན། མཚོ་སྔོན་པོ་མཛེས་ལྗོངས་ཁུལ་དུ་ཉིན་ཤས་རིང་སྡོད་ཁང་ཧ་ཅང་དཀོན་པོ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།