འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅༎བ་ཙེ་རྫོང་ནུས་ཁུངས་གཞུང་ལས་ཁང་གི་ཀྲུའུ་རེན་ཟུར་པས་གཞུང་དངུལ་སྒེར་སྤྱོད་བྱས་
    པས་དུས་བཙོན་ལོ་4ཡི་ཁྲིམས་ཆད་བཅད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་15ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བ་ཙེ་རྫོང་ནུས་ཁུངས་གཞུང་ལས་ཁང་གི་ཀྲུའུ་རེན་ཟུར་པ་ཧོ་ཆི་ལུང་གིས་ལས་གནས་སུ་འགན་འཁུར་སྐབས་ལས་ཁུངས་དེ་ཉིད་ཀྱི་རྩིས་གཉེར་ལ་གཏོང་སྒོ་རྫུན་བཟོ་བྱས་ཏེ་རྒྱལ་ཁབ་ཀྱིས་རྫབ་རླངས་འཛུགས་སྐྲུན་བྱེད་རྒྱུར་བཏང་བའི་རྒྱལ་བུན་ཆེད་སྤྱོད་མ་དངུལ་ལས་ཁུངས་ཀྱིས་ལྐོག་འཛུགས་བྱས་པའི"དངུལ་གཉེར་ལྐོག་མཛོད"ནང་གཏོང་རྒྱུའི་ངན་སྐུལ་བྱས་པས། མ་དངུལ་ཆ་ཤས་གྱོང་གུན་བྱུང་བ་དང་། དུས་མཚུངས་སུ་གཞུང་དངུལ་སྒོར་ཁྲི་25སྒེར་སྤྱོད་བྱས་པ་རེད། ཟླ་7ཚེས་13ཉིན་གསར་འགོད་པས་ཤེས་རྟོགས་བྱུང་བ་ལྟར་ན། ཀན་ལྷོ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གྱོད་དོན་འདི་ལ་མཐའ་མའི་འདྲི་ཞིབ་ཀྱིས་ཁྲུན་གཅོད་བྱས་པ་སྟེ། ཧོ་ཆི་ལུང་གིས་དབང་ཆ་གང་དགར་སྤྱད་པའི་ནག་ཉེས་དང་། གཞུང་དངུལ་གཞན་བཀོལ་བྱས་པའི་ནག་ཉེས་བཅས་ནག་ཉེས་དུ་མའི་ཉེས་ཆད་སྡེབ་གཅོད་བྱས་ནས་དུས་བཙོན་ལོ་4ཡི་ཁྲིམས་ཆད་བཅད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།