འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།རྔ་བ་དགེ་འོས་སློབ་གླིང་གི་མིང་གསར་པའི་ཡོལ་བ་དངོས་སུ་འབྱེད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་16ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་9ཉིན་རྔ་བ་དགེ་འོས་སློབ་གླིང་དང་རྔ་བ་ཁུལ་མི་དམངས་སྲིད་གཞུང་གིས་འཚོགས་པའི་སློབ་གླིང་དང་ས་གནས་མཉམ་ལས་མཉམ་ཕན་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་ཚོགས་འདུ་དང་དགེ་རྒན་སློབ་གསོའི་ཚོད་ལྟ་ཁུལ་འཛུགས་སྐྲུན་གྱི་ཞིབ་གྲོས་ཚོགས་འདུའི་ཐོག་རྔ་བ་དགེ་འོས་སློབ་གླིང་གི་མིང་གསར་པའི་ཡོལ་བ་དངོས་སུ་ཕྱེ་བ་རེད། འདི་ལོའི་ཟླ་4ཚེས་28ཉིན་སློབ་གསོ་པུའུ་ཡིས་རྔ་བ་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་དེ་ཉིད་རྔ་བ་དགེ་འོས་སློབ་གླིང་དུ་རིམ་སྤར་བྱེད་རྒྱུའི་དངོས་སུ་ཆོག་མཆན་བཀོད་གནང་བ་དེས་སློབ་གླིང་འདི་ཉིད་དངོས་གཞིའི་ཚན་ཁག་ལྡན་པའི་སློབ་གླིང་གྲལ་སྟར་དུ་རིམ་པ་འཕར་བ་མཚོན་པ་རེད།
         རིམ་པ་འཕར་བའི་རྔ་བ་དགེ་འོས་སློབ་གླིང་དེ་ཉིད་རིམ་བཞིན་དངོས་གཞིའི་ཚན་ཁག་གི་སློབ་གསོ་གཙོ་བོར་གཉེར་བ་དང་། སློབ་གླིང་དང་ས་གནས་དང་། སློབ་གླིང་དང་ཁེ་ལས་མཉམ་དུ་གསར་གཏོད་དང་ཚན་རྩལ་གྲུབ་འབྲས་འཕོ་འགྱུར་བྱེད་རྒྱུ་གཙིགས་སུ་འཛིན་ཞིང་། ཐོན་སློབ་ཞིབ་གསུམ་མཉམ་འབྲེལ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་བགྲོད་ལམ་དུ་བསྐྱོད་དེ་བོད་རིགས་དང་ཆའང་རིགས་ས་ཁུལ་ལ་ཤེས་ལྡན་མི་སྣ་སྔར་ལས་མང་བ་གསོ་སྐྱོང་བྱེད་པར་རྒྱ་སྐྱེད་བཏང་བ་རེད། སློབ་གླིང་འདིས་ཁག་དང་པོར་དངོས་གཞིའི་ཚན་ཁག་6སྟེ་རྒྱའི་སྐད་ཆའི་རྩོམ་རིག་དང་། སློབ་ན་མ་སོན་གོང་གི་སློབ་གསོ། རོལ་མོ་རིག་པ། ཁོར་ཡུག་འཆར་འགོད། གློག་རྡུལ་ཆ་འཕྲིན་བཟོ་སྐྲུན། རྩིས་འཁོར་ཚན་རིག་དང་ལག་རྩལ་བཅས་སྒྲིག་འགོད་བྱས་ཤིང་། ཁག་དང་པོར་དངོས་གཞིའི་ཚན་ཁག་གི་སློབ་མ་600བསྡུ་རྒྱུའི་འཆར་གཞི་བཀོད་པ་དང་། ད་ལོའི་ཟླ་བ་9པར་སློབ་འགོ་རྩོམ་རྒྱུ་རེད། 
         མིག་སྔར་རྔ་བ་དགེ་འོས་སློབ་གླིང་ལ་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི་23ལྷག་ཡོད་པ་དང་། སློབ་ཁྲིད་ཆེད་གཉེར་དགེ་རྒན་500ཙམ་ཡོད་ཅིང་། དེའི་ཁྲོད་རབ་འབྱམས་པ་དང་འབུམ་རམས་པའི་སློབ་སྦྱོང་གི་ལོ་རྒྱུས་ལྡན་པའི་དགེ་རྒན་250ཡོད་པ་རེད། སློབ་གླིང་གིས་རྔ་བ་ཁུལ་དང་དགེ་རྒན་སློབ་གསོ་གསོ་སྦྱོང་དང་། ཡུལ་སྐོར་མི་སྣ་གསོ་སྦྱོང་། གཞི་རིམ་ལས་བྱེད་པ་གསོ་སྦྱོང་ལ་སོགས་པའི་མཉམ་ལས་རྐྱེན་སྲོལ་བཙུགས་ཡོད་པ་དང་། ཐིང་ངམ་ཁུལ་རིམ་པ་ཡན་གྱི་ཚན་རིག་ཞིབ་འཇུག་རྣམ་གྲངས་200ཙམ་གཙོ་སྐྱོང་བྱེད་ཀྱི་ཡོད་ལ། འཕྲིན་དྲ་དང་དེ་བཞིན་རིག་ནུས་ཅན་གྱི་ཆ་འཕྲིན་བཀོལ་སྤྱོད་དང་ཡུལ་སྐོར་འཕྲིན་དྲའི་རྩིས་རྒྱག་ལ་སོགས་པའི་ཐད་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་ཡོད་ཅིང་། གྲུབ་འབྲས་རྣམ་གྲངས་8ལ་རྒྱལ་ཁབ་ཀྱི་གསར་གཏོད་ཀྱི་ཆེད་ཁེ་ཐོབ་པ་དང་ཆེད་ཁེ་གསར་པ་དངོས་སུ་བེད་སྤྱོད་བྱེད་རྒྱུའི་དབང་བསྐུར་བ་མ་ཟད། ཉེ་བའི་ལོ་ཤས་རིང་སློབ་མ་ཚོ་ཞིང་ཆེན་རིམ་པ་ཡན་གྱི་འགྲན་བསྡུར་ལ་ཞུགས་ཏེ་བྱ་དགའ་150ལྷག་ཙམ་ཐོབ་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།