འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།པད་མ་བོད་རིགས་མང་ཚོགས་ལ་སྒོ་རྩ་ནས"ཕྱུག་འགྱུར་ཟས་མཆོག"ལོངས་སུ་སྤྱོད་རྒྱུ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་16ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས་མན་དབྱང་གྲོང་ཁྱེར་ཕིང་ཝུའུ་རྫོང་པད་མ་བོད་རིགས་ཤང་དུ་ཡུལ་སྐོར་བ་འབོར་ཆེན་འབྱོར་ཞིང་། པད་མ་བོད་རིགས་ཀྱི་ཡུལ་སྲོལ་གོམས་འདྲིས་དང་ལྟ་ན་སྡུག་པའི་རི་ཀླུང་གིས་ཡུལ་སྐོར་བ་ཚོའི་ཡིད་དབང་རྦད་དེ་ཕྲོགས་པ་རེད།
         ཝུའུ་ཕིང་གིས་སྣོད་བཅུད་སྲུང་སྐྱོང་དང་། ཡུལ་སྐོར་གསར་སྤེལ། དབུལ་སྐྱོར་འགག་སྒྲོལ་བཅས་ཟུང་འབྲེལ་དམ་ཟབ་ཀྱིས་དབུལ་པོའི་ཁུལ་དུ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུའི་ལས་དོན་ལ་རྒྱབ་སྐྱོར་ཆེན་པོ་བྱས་ཤིང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱས་པ་དང་ཆབས་ཅིག མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་དང་། ཚན་རིག་དང་མཐུན་པའི་འཆར་གཞི། གོ་རིམ་ལྡན་པའི་གསར་སྤེལ་བཅས་ཀྱི་ལས་དོན་མངོན་གསལ་དོད་པོས་སྤེལ་ཏེ་སྔོ་ལྗང་རི་ཀླུང་དག་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་གྱི་ནོར་རི་ལྟ་བུར་འགྱུར་བར་བྱས་ཡོད་པ་རེད།
         2012ལོར་ཁྲེང་ཏུའུ་ཐེན་ཡིའུ་ཚོགས་པ་ཝུང་ཕིང་དུ་བཅའ་སྡོད་བྱས་ཚུན། མ་དངུལ་སྒོར་དུང་ཕྱུར་36བཏང་སྟེ་པད་མ་བོད་རིགས་ཤང་གི་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་བྱས་ནས་ཀྲུང་གོའི“ཟ་སྡོད་སྐྱོད་སྐོར་ཉོ་རོལ”བཅས་གཅིག་ཏུ་བསྡུས་པའི་ཡུལ་སྐོར་གྱི་ཐོན་ལས་ཆ་ཚང་ལྡན་པའི་རྒྱལ་ཁབ་ཀྱི་A5རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ་ཐོག་མ་བསྐྲུན་རྒྱུའི་འཆར་གཞི་བཀོད་ཡོད། མིག་སྔར་མཛེས་ལྗོངས་ཁུལ་དུ་མུའུ་དབྱང་ཁྲང་གསོལ་མགྲོན་ཁང་དང་ཝང་ལང་མཛེས་ལྗོངས་ཁུལ་བསྒྱུར་བཀོད་སོགས་རྣམ་གྲངས་10བསྐྲུན་ཟིན་པ་དང་འབྲེལ་ཚོད་ལྟའི་སྒོ་ནས་གཉེར་འགོ་ཚུགས་ཡོད། ཡུལ་སྐོར་དབུལ་སྐྱོར་རྣམ་གྲངས་ལས་པད་མ་བོད་རིགས་མང་ཚོགས་6000ལྷག་རི་སྔོག་པ་དང་ཤིང་གཅོད་སོགས་བྱེད་མི་དགོས་པར་ཡུལ་སྐོར་ལས་རིགས་ལ་བརྟེན་ནས་ཕྱུག་པོའི་ལམ་དུ་སྐྱོད་ཐུབ་པ་བྱུང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།