འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ལྷོ་ཁ་ས་ཁུལ་གྱི་ཏང་སྲིད་གཉིས་ཀའི་གཙོ་འགན་བཞེས་མཁན་གསར་པ་བསྐོས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་09ཉིན། 15:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་ལྷོ་ཁ་ས་ཁུལ་གྱི་ཏང་སྲིད་གཉིས་ཀའི་གཙོ་འགན་བཞེས་མཁན་གསར་པ་བསྐོས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་7ཉིན་བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་གྱིས་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཏང་ཨུའི་ཆོད་དོན་ཏེ་ཀྲང་ཡུང་ཙེ་ཀྲུང་གུང་ལྷོ་ཁ་ས་ཁུལ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་། ཕུར་བུ་དོན་གྲུབ་ཀྲུང་གུང་ལྷོ་ཁ་ས་ཁུལ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་དུ་བསྐོ་བཞག་བྱས་པ་ཡོངས་བསྒྲགས་བྱས་པ་རེད། འདི་ལོའི་ཟླ་5ཚེས་22ཉིན་ལྷོ་ཁ་ས་ཁུལ་ཏང་ཨུའི་ཧྲུའུ་ཅི་ཟུར་པ་འཆི་མེད་བསྟན་འཛིན་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པར་བསྐོ་བཞག་བྱས་པ་རེད།
         ཀྲང་ཡུང་ཙེ། སྐྱེས་པ། རྒྱ་རིགས། 1969ལོའི་ཟླ་3པར་སྐྱེས། ཡུན་ནན་ཞིང་ཆེན་ཆིའུ་པེ་རྫོང་ནས་ཡིན་ཞིང་། 1994ལོའི་ཟླ་བ་7པར་ལས་ཀར་ཞུགས་པ་དང་བཟོ་སྐྲུན་རིག་པའི་འབུམ་རམས་པའི་ཡོན་གནས་ལྡན། སྔ་གཞུག་ཏུ་ཀྲུང་གོའི་ཁོར་ཡུག་ཚན་རིག་ཞིབ་འཇུག་གླིང་དང་། བོད་ལྗོངས་ཁོར་ཡུག་སྲུང་སྐྱོང་ཅུས། བོད་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་བཅས་སུ་ལས་ཀ་བྱས་པ་མ་ཟད། བོད་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཐིང་ཀྲང་གི་འགན་བཞེས་མྱོང་བ་དང་། 2012ལོའི་ཟླ་4པར་ཀྲུང་གུང་ལྷོ་ཁ་ས་ཁུལ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་གྱི་འགན་བཞེས་མྱོང་བ་རེད།
         ཕུར་བུ་དོན་གྲུབ་ནི་1972ལོར་བོད་ལྗོངས་གཞིས་ཀ་རྩེའི་རྒྱལ་རྩེ་རྫོང་དུ་སྐྱེས་པ་དང་། ལོ་24སྟེང་ལས་ཀར་ཞུགས། སྔ་གཞུག་ཏུ་བོད་རང་སྐྱོང་ལྗོངས་ཏང་ཨུའི་རྩ་འཛུགས་པུའུ་དང་། ལྷོ་ཁ་ས་ཁུལ་གྱི་ཟངས་རི་རྫོང་སོགས་སུ་ལས་ཀ་བྱེད་མྱོང་ཞིང་། 2010ལོའི་ཟླ་6པ་ནས་2012ལོའི་ཟླ་6པའི་བར་ཀྲུང་གུང་ལྷོ་ཁ་ས་ཁུལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཀྲོན་ཡོན་གཞོན་པ། ས་ཁུལ་ཨུ་ལྷན་གྱི་དྲུང་ཡིག་ཆེ་མོ་གཞོན་པ་སོགས་ཀྱི་འགན་བཞེས་པ་དང་། 2012ལོའི་ཟླ་6པར་ཀྲུང་གུང་ལྷ་ས་གྲོང་ཁྱེར་ཨུ་ལྷན་གྱི་ཨུ་ཡོན་དང་། གྲོང་ཁྱེར་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། ལྷ་སའི་ཁྲེན་ཀོང་ཆུས་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ལ། 2013ལོར་ཀྲུང་གུང་ནག་ཆུ་ས་ཁུལ་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པའི་འགན་བཞེས་མྱོང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།