འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།དགེ་འདུན་141བོད་ལྗོངས་ནང་བསྟན་སློབ་གླིང་ནས་སློབ་མཐར་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་13ཉིན། 15:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།དགེ་འདུན་141བོད་ལྗོངས་ནང་བསྟན་སློབ་གླིང་ནས་སློབ་མཐར་ཕྱིན་པ།
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་10ཉིན་བོད་རང་སྐྱོང་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་དགོན་སྡེ་131ནས་ཡོང་བའི་དགེ་འདུན་141གིས་བོད་ལྗོངས་ནང་བསྟན་སློབ་གླིང་དུ་ལོ་གཉིས་རིང་གི་སློབ་སྦྱོང་མཇུག་བསྒྲིལ་ནས་བདེ་བླག་ངང་སློབ་གྲྭ་ནས་ཐོན་པ་རེད། ཉིན་དེར་བོད་ལྗོངས་ནང་བསྟན་སློབ་གླིང་གིས་སློབ་ལུགས་འཛིན་གྲྭ་སྐབས་གཉིས་པ་དང་དུས་ཐེངས་བདུན་པའི་མཐའ་མཚམས་ཐག་རིང་དགོན་སྡེའི་གྲྭ་བཙུན་གསོ་སྦྱོང་འཛིན་གྲྭའི་སློབ་མ་ཚོའི་སློབ་ཚན་ཁག་ཐུགས་གྲ་ལེགས་འགྲིག་བྱུང་ནས་སློབ་ཐོན་དང་སློབ་མཇུག་བསྒྲིལ་བའི་མཛད་སྒོ་གཉེར་བ་རེད། ཁག་འདི་ནང་བསྟན་སློབ་གླིང་ནས་ཐོན་པའི་དགེ་འདུན་ཚོ་ནི་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པ་དང་། ས་སྐྱ་པ། རྙིང་མ་བ། བཀའ་བརྒྱུད་པ་བཅས་དང་དེ་བཞིན་བོན་པོ་བཅས་ནས་ཡོང་བ་ཡིན་ཞིང་། དེའི་ཁྲོད་ཀྱི་དགེ་འདུན་41ལ་བོད་བརྒྱུད་ནང་བསྟན་གྱི་སྔགས་རམས་པའི་ཡོན་གནས་བསྩལ་བ་དང་། དགེ་འདུན་100ལ་རབ་འབྱམས་པའི་ཡོན་གནས་བསྩལ་བ་རེད།
         བོད་ལྗོངས་ནང་བསྟན་སློབ་གླིང་གིས་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་དེང་རབས་ཀྱི་སློབ་གླིང་ལྟ་བུ་དང་སྲོལ་རྒྱུན་ཆོས་གྲྭ་ལྟ་བུའི་སློབ་ཁྲིད་བྱེད་སྟངས་ཟུང་འབྲེལ་བྱས་པ་དཔྱད་གཞིའི་མེ་ལོང་དུ་བཟུང་སྟེ་གསང་སྔགས་དང་། མདོ་ཕྱོགས། སྤྲུལ་སྐུ་བཅས་རིག་གནས་ཚན་ཁག་གསུམ་བཙུགས་ཡོད་པ་དང་། ཁྲིམས་ལུགས་དང་། ཐུན་མོང་གི་སློབ་ཚན། ནང་བསྟན་རིག་པ་བཅས་སློབ་ཚན་རིགས་གསུམ་སློབ་ཁྲིད་བྱེད་ཀྱི་ཡོད་པ་རེད།
    ༄༅།།དགེ་འདུན་141བོད་ལྗོངས་ནང་བསྟན་སློབ་གླིང་ནས་སློབ་མཐར་ཕྱིན་པ།
      

    ཕྱོགས་བསྡུས་གསར་འགྱུར།