འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ལས་བྱེད་པ་ཞིག་གིས"དངུལ་ཉར་ལྐོག་མཛོད"ལྐོག་འཛུགས་བྱས་པས་
    གནས་དབྱུང་བཏང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་15ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བ་ལྟར་ན། བོད་ལྗོངས་ལྷོ་ཁ་ས་ཁུལ་ཚན་རིག་ལག་རྩལ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་གཞོན་པ་ཟུར་པ་ལི་ཤང་གིས་ཞིང་ལས་ཆེད་སྤྱོད་མ་དངུལ་གཞན་སྤྱོད་བྱས་ཏེ་“དངུལ་ཉར་ལྐོག་མཛོད་”ལྐོག་འཛུགས་བྱས་པས་གནས་དབྱུང་བཏང་བ་རེད།
         ཞིབ་བཤེར་བྱས་པ་བརྒྱུད་ས་ཁུལ་ཚན་རྩལ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་གཞོན་པ་ཡིན་པའི་ལི་ཤང་གིས་ཞིབ་ལས་ཆེད་སྤྱོད་མ་དངུལ་གཞན་སྤྱོད་བྱས་ཏེ་རོགས་སྐྱོར་མ་དངུལ་དང་གཞན་སྤྱོད་བྱས་པའི་ཞིང་ལས་ཆེད་སྤྱོད་མ་དངུལ་“དངུལ་ཉར་ལྐོག་མཛོད་”ལྐོག་འཛུགས་བྱས་པས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་ལས་འགལ་བ་རེད།
         ལི་ཤང་གིས་གོང་གསལ་བྱ་སྤྱོད་དེ་ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ཁྲིམས་དང་ཚབས་ཆེན་འགལ་བས། 《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་རྒྱུའི་སྲོལ་ཡིག་》ལ་སོགས་པའི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ཏེ་བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་ཞིབ་འཇུག་བྱས་པ་བརྒྱུད་ལི་ཤང་གི་ཏང་ནང་གི་གོ་གནས་མེད་པར་བཟོ་བ་དང་སྲིད་འཛིན་གྱི་གོ་གནས་མེད་པར་བཟོ་བའི་ཆད་པ་གཅོད་རྒྱུ་དང་། ས་ཁུལ་ཚན་རྩལ་ཅུས་ཀྱི་“དངུལ་ཉར་ལྐོག་མཛོད་”ནང་གི་མ་དངུལ་ལྷག་མ་དག་རྩིས་ལེན་བྱས་ཏེ་རྒྱལ་མཛོད་ལ་གོང་འབུལ་ཞུ་རྒྱུའི་གཏན་འབེབས་བྱས་ པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།