འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།སེམས་ཀྱི་ཉི་ཟླའི་འབའ་ལུང་རྫོང་གི་དགུན་འདེབས་པད་ཁ་མུའུ་ཁྲིར་ལོ་ལེགས་བྱུང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་29ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱིས་ཐོན་འབོར་ལ་ཚོད་རྩིས་བྱས་པ་ལས་མཚོན་པར་གཞིགས་ན། ཡུན་ནན་སེམས་ཀྱི་ཉི་ཟླའི་འབའ་ལུང་རྫོང་གི་གཞི་ཁྱོན་མུའུ་ཁྲི་10125ཟིན་པའི་ཐོན་མཐོའི་པད་ཁ་འདེབས་གསོའི་དཔེ་སྟོན་ཁུལ་གྱི་པད་ཁ་ཆ་སྙོམས་མུའུ་རེའི་ཐོན་ཚད་སྤྱི་རྒྱ་300ཡན་ཟིན་ནས་མུའུ་རེའི་ཐོན་ཚད་རིན་ཐང་སྒོར་2200ཙམ་ཟིན་པ་དང་དཔལ་འབྱོར་གྱི་སྤྱིའི་ཡོང་འབབ་ཀྱི་སྒོར་ཁྲི་2000ཡན་ཟིན་རྒྱུ་ཡིན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ལས་འདེབས་འཛུགས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱེད་པ་དང་། སྣུམ་རྒྱུའི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་བ། ཞིང་པའི་དཔལ་འབྱོར་ཡོང་འབབ་མང་དུ་གཏོང་བ་བཅས་བྱ་ཕྱིར། འབའ་ལུང་རྫོང་གིས་ཐོན་མཐོ་གསར་གཏོད་དང་ས་དཔྱད་ལུས་སྦྱོར་སོགས་ལག་རྩལ་ཁྱབ་གདལ་ཧུར་ཐག་བཏང་ནས་རྣམ་གྲངས་ལག་ལེན་བསྟར་རིང་ལག་རྩལ་གྱི་བརྒྱུད་རིམ་ཚད་ལྡན་ནན་པོ་བཟོས་པ་དང་ས་བབ་དང་བསྟུན་ནས་ནད་འགོག་དང་དུག་སྲིན་འགོག་ནུས་ཆེ་བ་དང་། ཐོན་མཐོ། སྤུས་ལེགས་བཅས་ཀྱི་སོན་བཟང་དཔེ་སྟོན་མང་དུ་བཏང་ནས་སོན་བཟང་སྤྱོད་ཚད་དང་གཅིག་གྱུར་མཁོ་འདོན་བྱེད་ཚད་100%ཟིན་པ་དང་། འདེབས་འཛུགས་བྱེད་སྟངས་ཚད་ལྡན་བཟོས་ནས་སྤུས་ལེགས་ཐད་འདེབས་དང་ལུགས་མཐུན་ངང་མཐུག་འདེབས་བྱེད་པ་བཅས་ལ་ཤུགས་སྣོན་བརྒྱབ་ཡོད་པ་རེད། ན་ནིང་རྫོང་དེས་གཞི་ཁྱོན་མུའུ་ཁྲི་10125ཟིན་པའི་ཐོན་མཐོའི་པད་ཁ་འདེབས་གསོའི་དཔེ་སྟོན་ཁུལ་གསར་གཏོད་ལས་འགན་ལེགས་གྲུབ་ཟིན་ནས་ལོ་ལེགས་བྱུང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།