འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་རི་བོའི་རྟེན་རྫས་བཤམས་མཛོད་ཁང་དང་པོ་ལྷ་སར་དངོས་སུ་སྒོ་དབྱེ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་29ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་27ཉིན་རང་རྒྱལ་གྱི་རི་བོའི་རྟེན་རྫས་བཤམས་མཛོད་ཁང་དང་པོ་ཡིན་པའི་རི་བོ་ཚེ་རིང་མཆེད་ལྔའི་རྟེན་རྫས་བཤམས་མཛོད་ཁང་ལྷ་ས་གྲོང་ཁྱེར་དུ་དངོས་སུ་སྒོ་དབྱེ་ཞིང་། རྟེན་རྫས་བཤམས་མཛོད་ཁང་དེ་འཛུགས་པའི་དམིགས་ཡུལ་ནི་བོད་མི་རིགས་ཀྱི“རིའི་རིག་གནས”དར་སྤེལ་གཏོང་བ་དང་རི་འཛེག་ལུས་རྩལ་གྱི་ཉམས་འགྱུར་བརྒྱུད་བསྒྲགས་བྱ་རྒྱུ་དེ་རེད།
         བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཉི་མ་ཚེ་རིང་གིས“རི་པ་ཡིན་པའི་བོད་རིགས་དང་རི་ཆེན་དབར་ལས་དབང་གཅིག་ཏུ་སྦྲེལ་ཡོད། རྟེན་རྫས་བཤམས་མཛོད་ཁང་དེས‘རིའི་འཇིག་རྟེན’ཞིག་བཏོད་དེ་སྐྱེ་བོ་ཀུན་གྱིས་རི་པའི་རིའི་རིག་གནས་ཤེས་རྟོགས་ཐུབ་པ་དང་ཆབས་ཅིག་རྟེན་རྫས་བཤམས་མཛོད་ཁང་དེས་རི་འཛེག་རྒྱུར་དགའ་པོ་བྱེད་མཁན་ཚོའི་སྤེལ་རེས་ཀྱི་སྟེགས་བུ་ཞིག་བྱས་ནས་སྤྱི་དམངས་ལ་རི་འཛེག་བྱེད་སྒོ་ཁྱབ་གདལ་གཏོང་བའི་འགན་འཁུར་རྒྱུ་རེད”ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།