འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུལ་ཤུལ་འབྲི་སྟོད་རྫོང་གི་འབྲོག་ཁུལ་གྱི་ཕྲུ་གུར་སྤུས་ལེགས་ཀྱི་སློབ་གསོ་ལོངས་སྤྱོད་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་29ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་ལྷོ་ནུབ་རྒྱུད་དུ་གནས་པའི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་འབྲི་སྟོད་རྫོང་གིས་རྒྱལ་ཁབ་ཀྱི“གཞི་རྩའི་ཆ་གཉིས”འགག་སྒྲོལ་རྩིས་ལེན་བྱས་པ་ནས་བཟུང་འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་གཏོང་རྒྱུ་དེ་སློབ་གསོའི་ལས་དོན་གྱི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ནས་ཐབས་མང་མཉམ་སྤྱོད་དང་། ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། “གཅིག་ཀྱང་མི་ལུས་པའི”འགན་ལེན་བྱེད་པ་བཅས་བྱས་ནས་འབྲོག་པའི་ཕྲུ་གུ་ཡོངས་ཀྱིས་འདྲ་མཉམ་གྱི་སློབ་གསོའི་ཐོན་ཁུངས་ལོངས་སུ་སྤྱོད་ཐུབ་རྒྱུའི་བརྩོན་ལེན་བྱས་པ་རེད། ད་ཆ་རྒྱ་ཆེ་ལ་དཀར་ཆ་དོད་པའི་སློབ་ཁང་དང་། གྲལ་འགྲིག་ལ་གཙང་སྦྲ་དོད་པའི་ཉལ་ཁང་དང་ཟ་ཁང་། གསར་དུ་བཏིང་པའི་འགྱིག་བཟོས་རྒྱུག་ལམ། ཆ་འཕྲིན་ཅན་བཅས་གྲངས་ཉུང་མི་རིགས་ས་ཁུལ་གྱི་སློབ་གྲྭ་དེར་ཁྱོན་ཡོངས་ནས་ཁྱབ་ཡོད་པ་རེད།
         འབྲི་སྟོད་རྫོང་རྒྱལ་རྗེ་ཕོ་བྲང་སྐེད་གྲོང་རྡལ་ཀྱེ་ནེ་སློབ་ཆུང་དུ་གློག་སྤྱད་སློབ་ཁང་དང་། དཔེ་དེབ་ཁང་། ལུས་རྩལ་ཐང་། གློག་རྡུལ་དཀར་པང་སོགས་སྤུས་ལེགས་ཀྱི་སློབ་ཁྲིད་སྒྲིག་ཆས་ཆ་ཚང་ཡོད། དོ་དམ་ནན་པའི་འབྲོག་ཁུལ་གྱི་སློབ་ཆུང་དེའི་ནང་གི་སློབ་མའི་ཞབས་ཞུ་ཁུལ་དུ་སྒོ་རྩིས་ཚོང་ཁང་དང་། སྐྲ་བཞར་ཁང་། གོས་བཀྲུ་ཁང་། སྨན་དོན་ཁང་བཅས་ཡོད་པས་སློབ་མའི་འཚོ་བའི་ཁོར་ཡུག་ལེགས་སུ་ཧུར་ཐག་ཕྱིན་ཡོད། འདི་ནི་འབྲི་སྟོད་རྫོང་གི་སློབ་གསོ་དོ་སྙོམས་འཕེལ་རྒྱས་ཀྱི་མཚོན་ཚུལ་རགས་ཙམ་ཞིག་རེད།
         ལོ་3ནང་མ་དངུལ་སྒོར་ཁྲི་3000ལྷག་ཙམ་བརྩོན་ལེན་བྱས་ཏེ་སློབ་གྲྭའི་བདེ་འཇགས་ལས་གྲྭ་དང་། སློབ་གྲྭ་འབྲིང་ཆུང་ཚད་ལྡན་ཅན་གྱི་འཛུགས་སྐྲུན། ཉམས་ཞན་སློབ་གྲྭ་སྒྱུར་བཀོད་སོགས་སློབ་གསོའི་རྣམ་གྲངས་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། རྫོང་ནོར་སྲིད་ཀྱི་མ་དངུལ་མི་འདང་བའི་གནས་ཚུལ་འོག་སྒོར་ཁྲི་900ལྷག་ཙམ་བཀོད་སྒྲིག་བྱས་ནས་སློབ་གྲྭར“མཛེས་བཟོ་དང་། དཀར་ཆ་དོད་དུ་གཏོང་བ། སྔོ་འགྱུར། སློབ་གྲྭའི་རིག་གནས”སོགས་འཛུགས་སྐྲུན་བྱས་པས་འབྲི་སྟོད་རྫོང་གི་སློབ་གསོའི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ཉིན་རེ་ལས་མ་འདས་པར་ལེགས་སུ་ཕྱིན་པ་དང་འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་རིམ་བཞིན་མངོན་འགྱུར་ཐུབ་ཡོད། “ནང་དུ་འདྲེན་པ་དང་ཕྱིར་སྐྱོད་པའི”གསོ་སྦྱོང་བྱེད་སྟངས་ཧུར་ཐག་སྤྱད་དེ“རྒྱལ་ཁབ་ཀྱི་གསོ་སྦྱོང་འཆར་གཞི”དང་དེ་བཞིན་ཞིང་ཆེན་དང་ཀྲོའུ་ཡི་གསོ་སྦྱོང་གོ་སྐབས་གང་ལེགས་སྤྱད་དེ་དགེ་རྒན་གྱི་ལས་སྒོ་གསོ་སྦྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་པ་རེད། “ལས་མང་ཐོབ་མང་དང་ལས་ལེགས་ཐོབ་ལེགས”ཀྱི་རྩ་དོན་གཞིར་བཟུང་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭའི་དགེ་རྒན་གྱི་ལས་རྗེས་གླ་ཆ་བགོ་འགྲེམས་ལམ་ལུགས་དོན་འཁྱོལ་བྱས་པ་རེད། སློབ་གྲྭའི་རྒྱུན་གཏན་ཅན་གྱི་སློབ་དཔྱོད་ལ་ཞིབ་བཤེར་མཛུབ་ཁྲིད་ཀྱི་གཅིག་སྡུད་གཤམ་སྐྱོད་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ་འཐབ་ཕྱོགས་དང་པོའི་སློབ་གྲྭའི་སློབ་གཉེར་བྱ་སྤྱོད་དང་། སློབ་ཚན་སྒྱུར་བཅོས། སློབ་གྲྭ་དོ་དམ་སོགས་ལ་ཁྱོན་ཡོངས་དང་ཞིབ་ཚགས་ངང་ཞིབ་བཤེར་བྱས་པ་རེད། མིག་སྔར་རྫོང་དེ་ཡོངས་ཀྱིས་སློབ་གྲྭའི་བསླབ་གཞི་2རྩོམ་སྒྲིག་བྱས་པ་དང་འབྲེལ་སློབ་ཁྲིད་ལས་འགན་ནང་བཅུག་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།