འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།གསར་སྒྲིག་ལྷ་མོ་<<རྡོ་གཞུང་གི་དཔྱིད་ཀ་>>ཞེས་པ་ལྷ་སར་འཁྲབ་སྟོན་ཐོག་མ་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་18ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།གསར་སྒྲིག་ལྷ་མོ་<<རྡོ་གཞུང་གི་དཔྱིད་ཀ་>>ཞེས་པ་ལྷ་སར་འཁྲབ་སྟོན་ཐོག་མ་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་བོད་ལྗོངས་ཀྱི་གསར་སྒྲིག་ལྷ་མོ་<<རྡོ་གཞུང་གི་དཔྱིད་ཀ་>>ཞེས་པ་ལྷ་ས་གྲོང་ཁྱེར་དུ་འཁྲབ་སྟོན་ཐོག་མ་བྱས་པ་དང་། <<རྡོ་གཞུང་གི་དཔྱིད་ཀ་>>ཞེས་པའི་ནང་བོད་རྙིང་པའི་སྐབས་སུ་སྒྲ་སྙན་གཏོང་ཤེས་པའི་ཞིང་བྲན་དཔལ་སྒྲོན་ལགས་རྡོ་གཞུང་གཞིས་ཀར་སྲས་སྐུ་ཞབས་རྣམ་རྒྱལ་ཕུན་ཚོགས་དང་ཕན་ཚུན་དགའ་གཅེས་ཡིད་ཆགས་པའི་གཏམ་རྒྱུད་ཅིག་མཚོན་པ་ཡིན་ཞིང་། གྲལ་རིམ་གྱི་གོ་གནས་མི་འདྲ་བའི་དབང་གིས་ཕན་ཚུན་དགའ་གཅེས་ཡིད་ཆགས་པའི་མི་གཉིས་བཙན་པོའི་ངང་ཁ་འབྲལ་དུ་བཅུག་ཅིང་། ལས་སྐལ་གྱི་བར་ཆད་ཚད་མེད་བརྒྱུད་དེ་ལོ་50ལྷག་སོང་བའི་རྗེས་སུ་ཁོང་གཉིས་བསྐྱར་འཛོམས་བྱུང་བའི་གཏམ་རྒྱུད་རེད། ལྷ་མོ་ཡོངས་སུ་གླུ་མ་གཏམ་དང་། གར་བྲོ། སྒྲ་སྙན་ལ་སོགས་པའི་སྒྱུ་རྩལ་འཛོམས་པའི་སྒོ་ནས་ལྷ་མོའི་ཟློས་གར་ལ་དམིགས་བསལ་དུ་ལྡན་པའི་སྒྱུ་རྩལ་མངོན་གསལ་དུ་མཚོན་པ་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】  【9】
    ༄༅།།གསར་སྒྲིག་ལྷ་མོ་<<རྡོ་གཞུང་གི་དཔྱིད་ཀ་>>ཞེས་པ་ལྷ་སར་འཁྲབ་སྟོན་ཐོག་མ་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།