འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཤི་ལོག་སྒྲོལ་མས་2015ལོའི་ཨེ་ཤེ་ཡ་གླིང་གི་སྦེ་ག་ལེགས་སྐྱེས་འགྲན་བསྡུར་གི་བུད་མེད་
    ཀྱི་རང་འདོད་རྣམ་པའི་སྦེ་ག་འགྲན་བསྡུར་ཁྲོད་ཨང་དང་པོ་བླངས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་11ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཤི་ལོག་སྒྲོལ་མས་2015ལོའི་ཨེ་ཤེ་ཡ་གླིང་གི་སྦེ་ག་ལེགས་སྐྱེས་འགྲན་བསྡུར་གི་བུད་མེད་
ཀྱི་རང་འདོད་རྣམ་པའི་སྦེ་ག་འགྲན་བསྡུར་ཁྲོད་ཨང་དང་པོ་བླངས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་8ཉིན་བོད་ལྗོངས་ཀྱི་ལུས་རྩལ་པ་ཤི་ལོག་སྒྲོལ་མསཁ་ཐར་རྒྱལ་ཁབ་ཏུ་འཚོགས་པའི་2015ལོའི་ཨེ་ཤེ་ཡ་གླིང་གི་སྦེ་ག་ལེགས་སྐྱེས་འགྲན་བསྡུར་གྱི་སྤྱི་རྒྱ་63རིམ་པའི་བུད་མེད་ཀྱི་རང་འདོད་རྣམ་པའི་སྦེ་ག་འགྲན་བསྡུར་ཁྲོད་ཨང་དང་པོ་བླངས་པ་རེད།
         ཤི་ལོག་སྒྲོལ་མ་ནི་སྤྱི་ལོ་1987ལོར་བོད་ལྗོངས་ཉིང་ཁྲི་རྫོང་དུ་སྐྱེས་ཤིང་། 2005ལོར་བོད་རང་སྐྱོང་ལྗོངས་ཀྱི་རྩལ་འགྲན་ལུས་རྩལ་དོ་དམ་ལྟེ་གནས་ཀྱི་སྦེ་ག་ལུས་རྩལ་པར་གྱུར། 2011ལོར་ཐུར་ཁེར་འཚོགས་པའི་འཛམ་གླིང་སྦེ་ག་ལེགས་སྐྱེས་འགྲན་བསྡུར་གྱི་སྤྱི་རྒྱ་67རིམ་པའི་བུད་མེད་ཀྱི་རང་འདོད་རྣམ་པའི་སྦེ་ག་འགྲན་བསྡུར་ཁྲོད་འཛམ་གླིང་གི་ཨང་དང་པོ་བླངས་པ་དང་། 2013ལོར་ལིའོ་ཉིང་ཞིང་ཆེན་དུ་འཚོགས་པའི་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་སྤྱི་རྒྱ་63རིམ་པའི་བུད་མེད་ཀྱི་རང་འདོད་རྣམ་པའི་སྦེ་ག་འགྲན་བསྡུར་ཁྲོད་ཨང་དང་པོ་བླངས་ཤིང་། 2014ལོའི་རེན་ཁྲོན་དུ་འཚོགས་པའི་ཨེ་ཤེ་ཡ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་སྤྱི་རྒྱ་63རིམ་པའི་བུད་མེད་ཀྱི་རང་འདོད་རྣམ་པའི་སྦེ་ག་འགྲན་བསྡུར་ཁྲོད་ཨང་གཉིས་པ་བླངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།