འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་17ཉིན།
  • མི་དམངས་དྲ་བ།>>འཕྲིན་གསར་གཡུ་ཡི་མེ་ལོང་།

    ༄༅།།གངས་ལྷའི་བརྩེ་སེམས་ཚོགས་པས་སྐབས་དང་པོའི"སྐད་གཉིས་སེམས་དང་སེམས་པ་
    སྦྲེལ།ལོ་ཙྭ་བ་ཆུང་ཆུང་ང་ཡིས་བྱེད"ཅེས་པའི་ཡིག་བསྒྱུར་
    བྱེད་སྒོ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་14ཉིན། 13:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།གངས་ལྷའི་བརྩེ་སེམས་ཚོགས་པས་སྐབས་དང་པོའི'སྐད་གཉིས་སེམས་དང་སེམས་པ་
སྦྲེལ།ལོ་ཙྭ་བ་ཆུང་ཆུང་ང་ཡིས་བྱེད'ཅེས་པའི་ཡིག་བསྒྱུར་
བྱེད་སྒོ་སྤེལ་བ།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་གངས་ལྷའི་བརྩེ་སེམས་ཚོགས་པའི་ཚོགས་མི་ཡོངས་ཀྱིས་ཡུན་རིང་གྲ་སྒྲིག་དང་། སྤུན་ཟླ་སློབ་ཚོགས་ཁག་གིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་འོག སྐབས་དང་པོའི"སྐད་གཉིས་སེམས་དང་སེམས་པ་སྦྲེལ། ལོ་ཙྭ་བ་ཆུང་ཆུང་ང་ཡིས་བྱེད"ཅེས་པ་བརྗོད་གཞིར་བཟུང་པའི་ཡིག་བསྒྱུར་བྱེད་སྒོ་སློབ་གྲྭ་དེ་གའི་རིག་རྩལ་སྙན་ཞུ་ཁང་དུ་འཚོགས། ཡིག་བསྒྱུར་བྱེད་སྒོ་འདི་ནི་དེང་སྐབས་ཀྱི་སྤྱི་ཚོགས་གནས་བབ། རིག་གནས་སྤེལ་རེས་ཀྱི་དགོས་མཁོ། སློབ་རིམ་འོག་མའི་སློབ་མར་ཡིག་བསྒྱུར་གྱི་ཕན་ནུས་དང་དགོས་པ་དེ་ངོ་སྤྲོད་བྱེད་པ་སོགས་ཀྱི་ཆེད་སྤེལ་བ་ཞིག་ཡིན་ཞིང་། ཐེངས་འདིའི་ཡིག་བསྒྱུར་བྱེད་སྒོའི་ནང་དེང་སྐབས་ཀྱི་རྒྱུན་སྤྱོད་ཐ་སྙད་དང་། ལེགས་བཤད། གཏམ་དཔེ། དེ་བཞིན་གླུ་གཞས་སོགས་ཀྱང་བཀོད་སྒྲིག་བྱས་ཡོད་པས། རྣམ་པ་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད།
         གཞན་གངས་ལྷའི་བརྩེ་སེམས་ཚོགས་པས་རང་སློབ་གྲྭ་ནས་མཐར་ཕྱིན་ལ་ཉེ་བའི་སྔོན་གྱི་བོད་ཡིག་སློབ་ཚོགས་ཀྱི་འགན་འཁུར་མི་སྣ་ཚོ་གདན་ཞུ་གནང་སྟེ་ཁོང་རྣམས་སྐྱེལ་མ་བྱས་པ་རེད།༼ ཚེ་དབང་དཔལ་འབྱོར་གྱིས། ༽
    【1】  【2】  【3】  【4】
    ༄༅།།གངས་ལྷའི་བརྩེ་སེམས་ཚོགས་པས་སྐབས་དང་པོའི'སྐད་གཉིས་སེམས་དང་སེམས་པ་
སྦྲེལ།ལོ་ཙྭ་བ་ཆུང་ཆུང་ང་ཡིས་བྱེད'ཅེས་པའི་ཡིག་བསྒྱུར་
བྱེད་སྒོ་སྤེལ་བ།
      

    ཕྱོགས་བསྡུས་གསར་འགྱུར།