འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སྐབས་དང་པོའི་བོད་གཞས་ཁུ་བྱུག་དབྱངས་སྙན།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་11ཉིན། 15:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སྐབས་དང་པོའི་བོད་གཞས་ཁུ་བྱུག་དབྱངས་སྙན།
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་9ཉིན་གྱི་དགོང་མོར་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་སློབ་གླིང་དང་གངས་ལྗོངས་རིག་གནས་ཡར་སྐུལ་ཚོགས་པ་གཉིས་ཀྱིས་གཙོ་གཉེར་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་རོལ་དབྱངས་སློབ་གླིང་དང་། མི་རིགས་རིག་པ་དང་སྤྱི་ཚོགས་རིག་པའི་སློབ་གླིང་སོགས་ཀྱིས་རོགས་གཉེར་གནང་བའི་སྐབས་དང་པོའི་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་གཞས་ཁུ་བྱུག་དབྱངས་སྙན་གྱི་རྟིང་རྩོད་འགྲན་བསྡུར་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་འཚོགས། བོད་རིགས་གཞས་པ་གྲགས་ཅན་པད་མ་བསམ་གྲུབ་དང་། གདུགས་དཀར་ཡག ཚེ་རིང་བསམ་གྲུབ། བསྟན་འཛིན་དབང་འདུས་སོགས་བོད་གཞས་ཁུ་བྱུག་དབྱངས་སྙན་གྱི་ཞིབ་དཔྱད་པར་གདན་ཞུ་གནང་ཡོད་པ་མ་ཟད། མདོ་དབུས་ཁམས་གསུམ་གྱི་བརྙན་འཕྲིན་ཁང་གི་མདོ་འཛིན་པ་དང་བོད་རིགས་གླུ་བ་གླུ་མ་གྲགས་ཅན་ཚོས་ཀྱང་ཐེངས་འདིའི་བོད་གཞས་ཁུ་བྱུག་དབྱངས་སྙན་ལ་བརྙན་གཟིགས་ཀྱིས་ལམ་ནས་རྟེན་འབྲེལ་ཞུས་ཡོད་པ་རེད།
         རྟིང་རྩོད་འགྲན་བསྡུར་ནང་བསྟན་འཛིན་ཡེ་ཤེས་དང་། ཟླ་བ་དོན་གྲུབ། ཡར་འཕེལ། བློ་བཟང་བསྟན་འཛིན། སྐྱིད་འཛོམས། བསོད་ནམས་ཆོས་སྒྲོན་བཅས་བོད་རིགས་སློབ་མ་དྲུག་དང་། ཡུས་ཙེ་ཧྭ་ཞེས་པའི་རྒྱ་རིགས་སློབ་མ་གཅིག་བཅས་བདུན་ཡོད་ཅིང་། ཁོང་ཚོས་སྔ་གཞུག་གི་འགྲན་བསྡུར་རིམ་པ་གསུམ་བྱས་རྗེས་ཐེངས་འདིའི་བོད་གཞས་ཁུ་བྱུག་དབྱངས་སྙན་ཞེས་པའི་ཨང་རིམ་ཐོབ་པ་སྟེ། བསྟན་འཛིན་ཡེ་ཤེས་ལ་ཨང་དང་པོ་དང་། བསོད་ནམས་ཆོས་སྒྲོན་ལ་ཨང་གཉིས་པ། ཟླ་བ་དོན་གྲུབ་ལ་ཨང་གསུམ་པ་བཅས་ཐོབ་པ་དང་། གཞན་ཚོར་ཕུལ་བྱུང་བྱ་དགའ་ཐོབ་པ་རེད།
    ༄༅།།ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སྐབས་དང་པོའི་བོད་གཞས་ཁུ་བྱུག་དབྱངས་སྙན།
    ༄༅།།ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སྐབས་དང་པོའི་བོད་གཞས་ཁུ་བྱུག་དབྱངས་སྙན།
      

    ཕྱོགས་བསྡུས་གསར་འགྱུར།