འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་ནེ་པ་ལར་རོགས་སྐྱོར་བྱས་པའི་རྣམ་གྲངས་སྣ་ཚོགས་ཀྱིས་ས་ཡོམ་དྲག་པོའི་
    ཚོད་བགམ་ཐེག་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་18ཉིན། 09:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་15ཉིན་ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པས་1956ལོ་ནས་ད་བར་གྱི་ལོ་60ལྷག་ཙམ་ནང་ཀྲུང་གོས་ནེ་པ་ལའི་མངའ་ཁོངས་སུ་རོགས་སྐྱོར་རྣམ་གྲངས་སྣ་ཚོགས་110ལྷག་ཙམ་ལག་ལེན་བསྟར་ཡོད། ས་ཡོམ་དྲག་པོའི་ཚོད་བགམ་ཐེག་པའི་འཛུགས་སྐྲུན་དངོས་པོ་དེ་དག་ལ་མི་རྣམས་ཀྱིས“སྲ་ཞིང་བརྟན་པའི་ཐོག་ཁང”ཞེས་བསྔགས་བརྗོད་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་གོས་ནེ་པ་ལར་ལག་བསྟར་བྱས་པའི་རོགས་སྐྱོར་རྣམ་གྲངས་མང་པོ་ཡོད་པའི་ནང་སྨན་ཁང་དང་། ཕྱོགས་བསྡུས་ལག་རྩལ་སློབ་གྲྭ། རང་བྱུང་སྲུང་སྐྱོང་ཐེབས་རྩ་ཞིབ་འཇུག་ལྷན་ཚོགས་ཀྱི་ལྟེ་གནས། སྲོལ་རྒྱུན་སྨན་བཅོས་ཞིབ་འཇུག་ལྟེ་གནས་སོགས་ཚུད་ཡོད་པ་རེད། ཀྲུང་གོས་ནེ་པ་ལར་རོགས་སྐྱོར་བྱེད་པའི་རྣམ་གྲངས་ལག་བསྟར་དཔུང་ཁག་གིས་རང་སྐྱོབ་བྱས་པ་དང་ཆབས་ཅིག་ས་གནས་དེ་གའི་ཡོམ་འགོག་གེགས་སེལ་ནང་འཕྲལ་མར་ཞུགས་ཏེ་མཛོད་འཇུག་བྱས་པའི་བཟའ་བཅའ་དང་རས་གུར་སོགས་ཚང་མ་ས་གནས་དེ་གའི་མང་ཚོགས་ལ་སྤྲད་པ་དང་འབྲེལ་མི་སྐྱོབ་པའི་དུས་ཚོད་ཡག་ཤོས་ཏེ་ཆུ་ཚོད་72ནང་ནེ་པ་ལ་བ་8གྲུབ་འབྲས་ཐོབ་པའི་སྒོ་ནས་བསྐྱབས་ཡོད་པ་རེད།
         ནེ་པ་ལར་ས་ཡོམ་བརྒྱབ་རྗེས་ཀྲུང་གོ་སྲིད་གཞུང་ནི་ནེ་པ་ལར་རོགས་སྐྱོར་བྱེད་སྔ་ཤོས་དང་རོགས་སྐྱོབ་དཔུང་ཁག་མངགས་གཏོང་བྱེད་སྔ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་རེད།
         མིག་སྔར་ཀྲུང་གོས་ཁྱོན་མི་དམངས་ཤོག་སྒོར་དུང་ཕྱུར་1.4རི་བའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་ཁག་གསུམ་ཛ་དྲག་ངང་གཏོང་འདྲེན་བྱས་ཡོད་པ་རེད། ཚོང་དོན་པུའི་མགྲིན་ཚབ་པས་གོམ་སྟབས་རྗེས་མར་ཚོང་དོན་པུས་བར་བརྒལ་བཀོད་སྒྲིག་དང་གེགས་རྗེས་བསྐྱར་སྐྲུན་སོགས་དུས་མཚམས་ཁག་གི་ཁྱད་ཆོས་ལ་གཞིགས་ཏེ་ནེ་པ་ལའི་ཡོམ་འགོག་གེགས་སེལ་གྱི་རྗེས་མཐུད་རོགས་སྐྱོར་ལས་དོན་གཅིག་གྱུར་འཆར་འགོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རོགས་སྐྱོར་གཙོ་གནད་དེ་ནེ་པ་ལ་ཕྱོགས་ཀྱིས་བསྐྱར་སྐྲུན་འཆར་གཞི་འགོད་པའི་ལས་དོན་ལ་གཞོགས་འདེགས་བྱ་རྒྱུ་དང་། གཙོ་གནད་དུ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུ། ལོ་རྒྱུས་རིག་གནས་ཤུལ་བཞག་ཁག་གཅིག་གི་ཉམས་གསོའི་ལས་དོན་ལ་གཞོགས་འདེགས་བྱ་རྒྱུ། སྨན་བཅོས་འཕྲོད་བསྟེན་དང་སློབ་གསོ་གསོ་སྦྱོང་སོགས་དམངས་འཚོའི་ཁྱབ་ཁོངས་ལ་མ་དངུལ་ཐོག་ནས་རོགས་སྐྱོར་བྱ་རྒྱུ་སོགས་ཐད་འཇོག་རྒྱུའི་བསམ་གཞིག་རགས་ཙམ་བྱས་ཡོད་པ་རེད།
         གཞན་ཡང་ནེ་པ་ལའི་དཔོན་རིགས་དང་ལག་རྩལ་པར་གནོད་འཚེ་སྔོན་འགོག་དང་ཛ་དྲག་ངང་གེགས་སེལ་བྱེད་པ་སོགས་ཀྱི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་རྒྱུད་རིམ་ལྡན་པའི་གསོ་སྦྱོང་བྱས་ནས་འཕྲལ་སྡོམ་རོགས་སྐྱོབ་དང་གནོད་འཚེ་འགོག་བཅོས་ཀྱི་ཕྱོགས་བསྡུས་ནུས་པ་ཆེ་རུ་གཏོང་རྩིས་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།