འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་བཅུ་གཅིག་པའི་ཀྲུང་གོའི་(ཧྲེན་ཀྲེན)རིག་གནས་ཐོན་ལས་དངོས་མང་ཉོ་ཚོང་
    སྟོན་ཚོགས་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་17ཉིན། 15:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། དུས་ཡུན་ཉིན་5ཡི་སྐབས་བཅུ་གཅིག་པའི་ཀྲུང་གོའི་(ཧྲེན་ཀྲེན)རྒྱལ་སྤྱིའི་རིག་གནས་ཐོན་ལས་དངོས་མང་ཉོ་ཚོང་སྟོན་ཚོགས་ཚེས་14ཉིན་འགོ་ཚུགས་པ་རེད།
         སྐབས་འདིའི་རིག་གནས་དངོས་མང་སྟོན་ཚོགས་ཀྱིས“དངོས་མང་སྟོན་ཚོགས་དང་ཉོ་ཚོང”བརྗོད་བྱ་གཙོ་བོར་བྱས་ནས་ཁག་ལྔར་དབྱེ་བ་དང་དེ་དག་ནི་དངོས་མང་སྟོན་ཚོགས་དང་ཉོ་ཚོང་དང་། གླེང་སྟེགས། གཟེངས་བསྟོད་དཔྱད་བསྡུར། དུས་ཆེན་བྱེད་སྒོ། དྲ་ཐོག་དངོས་མང་སྟོན་ཚོགས་བཅས་ཡིན། ཚོགས་ར་གཙོ་བོར་འགྲེམ་སྟོན་ཁང་ཆེ་བ་9བཀོད་སྒྲིག་བྱས་པ་དང་དེ་དག་ནི་རིག་གནས་ཐོན་ལས་ཕྱོག་བསྡུས་ཁང་དང་། དཔེ་གསར་ཇུས་འགོད་འཚོ་བའི་ཁང་། གློག་བརྙན་འགུལ་རིས་རོལ་རྩེད་ཁང་། གསར་འགྱུར་དཔེ་སྐྲུན་ཁང་། དར་གོས་ལམ་བུ་ཁང་། སྒྱུ་རྩལ་ཐོན་རྫས་ཁང་། མངོན་མིན་རིག་གནས་ཤུལ་བཞག་ཁང་། རིག་གནས་ཡུལ་སྐོར་དང་བཟོ་རྩལ་མཛེས་རིས་ཁང་བཅས་ཡིན། དེ་དང་ཆབ་གཅིག ད་དུང་ཡན་ལག་ཚོགས་ར་61དང་ཆེད་དོན་བྱེད་སྒོ་སྤེལ་ཡུལ་76བཀོད་སྒྲིག་བྱས་པ་དང་སྐབས་རིམ་བྱུང་ཐོག་གི་ཆེ་ཤོས་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།